མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་ཐད་རྨང་གཞི་བརྟན་པོ་བཏིང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-05 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏིང་ཀྲེ་ཇུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ཉེ་བའི་ལོའི་ནང་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཤར་གཏོང་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བཏང་བས། ཞིང་འབྲོག་མང་ཚོགས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་རྒྱུར་སྟབས་བདེ་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ཁྲོམ་ར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཐེབས་པ་དང་སྦྲགས། གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་སྟེ། གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཕྱིར་ཚོང་རྒྱག་པར་སྐྱོད་རྒྱུ་དང་ཞོར་ལས་ལ་འགྲོ་རྒྱུར་སྟབས་བདེ་སྐྲུན་ཡོད་པ་རེད། ལོ་ལྔ་ཚན་བཅུ་གཉིས་པའི་ཚུན་དུ་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས། ཞིང་འབྲོག་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དང་འབྲོག་ཁུལ་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ལ་རྩིས་ཏེ་དམ་འཛིན་བྱས་པ་དང་། དམངས་སེམས་ལས་གཞི་ཞིག་དང་ཕན་སྦྱར་ལས་གཞི་ཞིག་ལ་རྩིས་ནས་འཛུགས་སྐྲུན་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ3000ཙམ་ཟིན་པ་དང་། གཞུང་ལམ་བཟོ་ཚད་དང་ཤར་གཏོང་ཐུབ་ཚད་གཉིས་ཀ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ནས། ལོ་ལྔ་ཚན་བཅུ་གཉིས་པའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དམིགས་ཚད་ལྗོངས་ཡོངས་སུ་ལེགས་གྲུབ་ཐུབ་སྔ་ཤོས་དེར་གྱུར་ཡོད། དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་རྫོང་བདུན་དང་ཆུས་གཅིག་གི་ཤང་གྲོང་རྡལ65དང་སྒྲིག་ཚུད་གྲོང་ཚོ261། རང་བྱུང་གྲོང་ཚོ1400བཅས་ལ་གཞི་རྩའི་ཆ་ནས་གཞུང་ལམ་བཟོས་ཟིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག