མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་མཐོ་རྒྱུགས་སློབ་བསྡུའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-05 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་འཐུས་མི་བཅས་ཁྱོན་མི20ལྷག་ཙམ་གདན་ཞུས་ལྟར་རང་སྐྱོང་ལྗོངས་མཐོ་སློབ་དཀྱུས་མའི་སློབ་བསྡུ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བའི་ཕེབས་རོགས་འོག བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ2014ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་དྲ་ཐོག་རྒྱང་སྦྲེལ་སློབ་བསྡུའི་ལས་དོན་སྤེལ་ཡུལ་དུ་བསྐྱོད་པ་རེད།

སློབ་བསྡུ་བྱ་ཡུལ་དུ་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བས་འཐུས་མི་དང་ཨུ་ཡོན་ལ་སློབ་བསྡུ་བྱ་ཡུལ་གྱི་གཞི་རྩའི་གནས་ཚུལ་དང་། སློབ་བསྡུའི་སྒྲིག་གཞི། སློབ་བསྡུ་བྱེད་སྟངས་དང་དེ་བཞིན་ལས་དོན་མི་སྣའི་འགན་འཁྲི་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ། ཁྱིམ་བདག་དང་སློབ་མས་དོ་སྣང་བྱེད་པའི་གནད་དོན་ཁ་ཤས་ཐད་འཐུས་མི་ཚོར་ལན་བཏབ་པ་རེད།

འདི་ལོ་རང་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་སློབ་བསྡུར་མུ་མཐུད་དྲ་ཐོག་ནས་རྒྱང་སྦྲེལ་སློབ་བསྡུའི་དོ་དམ་བྱེད་སྟངས་ལག་བསྟར་བྱས་པ་དང་། མཐོ་སློབ་ཀྱིས་ས་ཆ་གཞན་དུ་རྒྱང་སྦྲེལ་སློབ་བསྡུའི་བྱ་ཐབས་སྤྱད་པ། སློབ་བསྡུ་བྱ་ཡུལ་དུ་སྒོ་རྒྱག་རྣམ་པའི་དོ་དམ་བཅས་བྱེད་ཀྱི་ཡོད་པ་རེད། གསར་འགོད་པས་སློབ་བསྡུ་བྱ་ཡུལ་ནས་དྲག་ཆས་འཐབ་འཛིང་པ་དང་ལས་རེས་སྒོ་སྲུང་བས་རང་འགན་གཙང་སྒྲུབ་ཀྱིས་རང་སོ་སོའི་ལས་གནས་བརྟན་སྲུང་བྱས་ཏེ། སློབ་བསྡུ་བྱ་ཡུལ་དུ་ཡོང་མཁན་གྱི་འཐུས་མི་དང་སྨྱན་སྦྱོར་ཚན་པ་ཚང་མར་བདེ་འཇགས་ཞིབ་བཤེར་བྱས་པ་དང་འབྲེལ་ལྟོ་ཕད་དང་ལག་ཁྱེར་ཁ་པར་སོགས་དངོས་པོ་ཚང་མ་མཐོ་རྒྱུགས་ཀྱི་སློབ་བསྡུ་བྱ་ཡུལ་དུ་འཁྱེར་ཆོག་གི་མེད་པ་མཐོང་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ8པའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད5བར་དུས་བཀག་སྔོན་དུ་ལོགས་སུ་བསྡུ་བའི་རང་ཚུགས་སློབ་བསྡུ་དང་། དངོས་གཞིའི་ཚན་ཁག་གཙོ་གནད། སྤྱིར་བཏང་གི་དངོས་གཞིའི་ཚན་ཁག སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་དངོས་གཞིའི་ཚན་ཁག དབུལ་པོའི་ཆེད་དམིགས་རྣམ་གྲངས་ཀྱི་འཆར་གཞིའི་དངོས་གཞིའི་ཚན་ཁག་དང་དངོས་གཞིའི་ཚན་ཁག་ཁག་དང་པོའི་སློབ་གྲྭ དུས་བཀག་སྔོན་དུ་ལོགས་སུ་བསྡུ་བའི་སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ཚན་བཅས་སུ་ཁྱོན་སློབ་མ5289བསྡུས་པ་དང་། དངོས་གཞིའི་ཚན་ཁག་གི་གྲ་སྒྲིག་ཚན་ཁག་ལ་ཁྱོན་སློབ་མ95བསྡུས་པའི་ནང་། རིག་གནས་ཚན་ཁག་ལ28དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པར67བསྡུས་ཤིང་། ཁྱོན་རྒྱུགས་སྤྲོད་སློབ་མ25ཡི་ཡིག་ཚགས་གཏོང་སྤྲོད་བྱས་པ་དང་སློབ་མ་གསར་པ15བསྡུས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག