མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་གཞི་རིམ་གྱི་ལས་བྱེད་པར་གསོ་སྦྱོང་ཧུར་ཐག་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-05 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ནང་ཉིང་ཁྲི་ས་ཁུལ་གྱིས་གཏིང་ཟབ་ལྔ་དང་། ཤུགས་སྣོན་གཉིས། མཐོར་གཏོང་གཅིག་བཅས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཐོག་ཤང(གྲོང་རྡལ)ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཤང་ཀྲང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོ། ཀྲུའུ་རེན་སོགས་ལ་གསོ་སྦྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

གསོ་སྦྱོང་བྱེད་ཁོངས་ཆེ་རུ་བཏང་ནས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཤིང་། གཞི་རིམ་གྱི་ལས་བྱེད་པར་གཅིག་སྡུད་གསོ་སྦྱོང་དམ་འཛིན་ཡག་པོ་བྱ་ཆེད། གསོ་སྦྱོང་གི་དུས་ཚོད་ཉིན ༣༠ ལས་མི་ཉུང་བ་བྱས་པ་དང་། ལོ་འཁོར་ནང་ཚང་མ་སྐོར་རེས་གསོ་སྦྱོང་ཐེངས་གཅིག་བྱས་པ། ཁྱོན་མི1366གསོ་སྦྱོང་བྱས་པ། རིགས་ཁག་གི་གསོ་སྦྱོང་ཐོན་ཁུངས་བརྩོན་ལེན་ཧུར་ཐག་བྱས་པ། གསོ་སྦྱོང་གི་ཐབས་ལམ་སྔར་བས་མང་དུ་བཏང་བ། རང་སྐྱོང་ལྗོངས་དང་མཐུན་སྦྱོར་བྱས་ནས་གསོ་སྦྱོང་མི105བྱས་པ། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གི་གསོ་སྦྱོང་འཛིན་གྲྭ་ཐེངས13གཉེར་ནས་མི538ལ་གསོ་སྦྱོང་བྱས་པ། ཕུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གི་གསོ་སྦྱོང་འཛིན་གྲྭ་ཐེངས12གཉེར་ནས་མི348ལ་གསོ་སྦྱོང་བྱས་པ། ཏང་ཨུད་ཏང་གི་སློབ་གྲྭའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གསོ་སྦྱོང་འཛིན་གྲྭ་ཐེངས4གཉེར་ནས་མི375ལ་གསོ་སྦྱོང་བྱས་པ་བཅས་རེད།

གསོ་སྦྱོང་གི་ནང་དོན་མཁོ་ཆོད་པོ་ཞིག་བཀོད་སྒྲིག་བྱས་ནས་དངོས་ཕན་རང་བཞིན་ཆེ་རུ་བཏང་ཞིང་། གཞི་རིམ་གྱི་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་རང་འགུལ་ངང་བསྡུ་ལེན་བྱས་ཏེ་གང་ཆད་དེ་གསབ་ཀྱི་རྩ་དོན་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་ཇུས་གཞི་བཟོས་པ་རེད། སློབ་ཚན་བཀོད་སྒྲིག་ཐད་ནང་དོན་གསར་པ་དང་མཁོ་ཆོད་པོ་བཀོད་སྒྲིག་བྱས་ཐོག་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས་ཁྲིམས་སྲོལ། གྲོང་གསེབ་གསར་པ་འཛུགས་སྐྲུན། སྤྱོད་མཁོ་ཆོད་པའི་ལག་རྩལ་སོགས་སློབ་སྦྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ་དང་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་། སྤེལ་རེས་ཞིབ་བསྡུར། ལྟ་སྐོར་རྟོག་ཞིབ། ས་གནས་ས་ཐོག་ཏུ་མཛུབ་ཁྲིད་སོགས་བྱས་ཏེ་གསོ་སྦྱོང་གི་ནང་དོན་དེ་གཞི་རིམ་ལས་དོན་གྱི་དོན་དངོས་དང་དེ་བས་ཉེ་བཅར་ཡོང་བ་བྱས་པ་རེད། དགེ་རྒན་བཀོད་སྒྲིག་ཐད་ལྗོངས་ཕྱི་ནང་ཟུང་འབྲེལ་བྱས་ཏེ་ལྗོངས་ནང་ཁུལ་གྱི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་གཞི་རིམ་རྩ་འཛུགས་ཀྱི་འགན་འཁུར་བའི་དོགས་གཞི་སེལ་བ་དང་ལས་ཀའི་ཁ་ཕྱོགས་གསལ་པོ་བཟོས་པ་རེད། ཀོང་ཏུང་དང་ཕུའུ་ཅན་དུ་ལྟ་སྐོར་རྟོག་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ལག་ལེན་གྱི་ཐོག་ནས་གཞི་རིམ་རྩ་འཛུགས་ཀྱི་འགན་འཁུར་བར་ལས་ཀ་བྱེད་སྟངས་ངོ་སྤྲོད་དང་ལས་ཀའི་དམ་འཛིན་བྱ་གཞི་གསལ་པོ་བཟོས་པ་རེད།

གསོ་སྦྱོང་བྱེད་སྟངས་བབ་བསྟུན་གྱིས་སྣ་མང་ཅན་མངོན་པ་བྱས་ཤིང་། གསོ་སྦྱོང་གི་དུས་ཚོད་ཐད་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་གཅིག་སྡུད་གསོ་སྦྱོང་དང་རིགས་དབྱེ་མཛུབ་ཁྲིད་ཟུང་འབྲེལ་གྱིས་རིམ་པ་མི་འདྲ་བ་གཞིར་བཟུང་། ཤང(གྲོང་རྡལ)གི་གསོ་སྦྱོང་འཛིན་གྲྭ་དང་། གྲོང་ཚོའི(གྲོང་ལྷན)གསོ་སྦྱོང་འཛིན་གྲྭ་རིགས་གཉིས་དབྱེ་བ་རེད། གསོ་སྦྱོང་བྱེད་ཐབས་ཐད་སློབ་སྦྱོང་ལ་ཕན་འབྲས་ཐོན་རྒྱུ་སྣང་ཆེན་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱ་རྒྱུ་ཟུང་འབྲེལ་གྱིས་ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པའི་བྱེད་སྟངས་སྤྱད་དེ་འབྲེལ་ཡོད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས། སློབ་ཚན་ཁྲིད་པ་དང་ཞིང་འབྲོག་ལས་ཀྱི་ལག་རྩལ་མི་སྣ་དང་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་མུ་ཁར་བསྐྱོད་དེ་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་དང་བརྒྱུད་ཁྲིད་བྱས་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག