མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར5ཙམ་བཏང་སྟེ་བོད་ལྗོངས་ཀྱི་དགོན་སྡེའི་འཐུང་ཆུ་དཀའ་བའི་གནད་དོན་ཐག་གཅོད་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-05 10:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར4.95བཏང་སྟེ་བོད་ལྗོངས་ཀྱི་དགོན་སྡེ1466སྟེ་དགོན་སྡེ་ཡོངས་རྫོགས་ཀྱི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་པར་བེད་སྤྱོད་བྱ་རྒྱུ་ཡིན་ཞིང་། རགས་རྩིས་བྱས་པ་ལྟར་ན། རྣམ་གྲངས་འདི་ལས་མི་ཁྲི5ཙམ་ལ་ཁེ་ཕན་ཐོབ་རྒྱུ་རེད། དེའི་ནང་དགོན་སྡེའི་གྲྭ་བཙུན་དང་། དགོན་སྡེའི་དོ་དམ་མི་སྣ། དགོན་སྡེ་ཉེ་འདེབས་ཀྱི་མང་ཚོགས་སོགས་འདུས་ཡོད་པ་རེད།

བོད་ལྗོངས་ཆུ་བེད་ཐིན་གྱི་སྐོར་གཟིགས་པ་བཀྲ་ཤིས་ཀྱིས་བཤད་རྒྱུར། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་མང་ཆེ་བ་རི་རྩེ་དང་། རི་སྐེད། ཡང་ན་རྒྱང་རིང་ལུང་ཁུག་དང་ཆགས་ཡོད་པས། ཐངས་འདིའི་དགོན་སྡེ་ལ་ཆུ་འདོན་པའི་བཟོ་སྐྲུན་འཛུགས་སྐྲུན་རྣམ་གྲངས་ལ་རིགས་ཆེན་པོ་གསུམ་དབྱེ་ཡོད་དེ། རིགས་དང་པོ་ནི་རི་འདེབས་ནས་ཆུ་དོང་བརྐོ་བ་བརྒྱུད་དེ་གནོན་ཤུགས་ཆེན་པོས་ཆུ་འདོན་པ། རིགས་གཉིས་པ་ནི་སྦུབས་ལམ་བརྒྱུད་དེ་ཆུ་འདྲེན་པ། རིགས་གསུམ་པ་ནི་དོང་ཆུ་བརྐོ་བའི་ཐབས་ལམ་བརྒྱུད་དེ་གྲྭ་བཙུན་རྣམས་ཀྱི་འཐུང་ཆུ་གནད་དོན་ཐག་གཅོད་བྱེད་པ་བཅས་ཡིན། འཆར་གཞི་ལྟར་ན་བཟོ་སྐྲུན་འདི་ད་ལོའི་ལོ་མཇུག་སྔོན་དུ་འཛུགས་སྐྲུན་དངུལ་གཏོང་རྣམ་གྲངས100%ལེགས་འགྲུབ་འབྱུང་རྒྱུ་རེད་ཟེར།

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2005ལོ་ནས2013ལོའི་བར་དུ། རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར22.28བཏང་སྟེ། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་དང་ཞིང་སྡེའི་དགེ་སློབ་མི་ཁྲི242ལྷག་གི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱས། མིག་སྔར། བོད་ལྗོངས་རོང་འབྲོག་ཁུལ་གྱི་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད86%ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག