མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་མཁའ་འགྲུལ་དྲ་བ་ཕལ་ཆེར་ཁྱབ་ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བའི་དུས་སྐབས་བསུས་ཤིང་། བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར30དངོས་འབེབས་བྱས་པ་དང་། སྔ་གཞུག་ཏུ་ཉིང་ཁྲི་ས་ཁུལ་གྱི་སྨན་གླིང་གནམ་གྲུ་ཐང་གསར་བསྐྲུན་དང་། མངའ་རིས་ས་ཁུལ་གྱི་དགུན་ས་གནམ་གྲུ་ཐང་གསར་བསྐྲུན་སོགས་ལས་གཞི་ལག་བསྟར་བྱས་ཏེ། བོད་ལྗོངས་མངའ་ཁུངས་ཀྱི་མཁའ་སྐྱོད་འགྲིམ་འགྲུལ་མ་ལག་གི་སྒྲིག་གཞི་རིམ་བཞིན་འཐུས་ཚང་དུ་བཏང་། མིག་སྔར་བོད་ལྗོངས་སུ་ལྷ་སའི་གོང་དཀར་གནམ་གྲུ་ཐང་ལྟེ་གནས་སུ་གྱུར་བ་དང་། གཞན་དུ་རུང་ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་དང་། ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་། གཞིས་རྩེ་ས་ཁུལ་གྱི་ཞི་བདེ་གནམ་གྲུ་ཐང་བཅས་ཡན་ལག་ཏུ་གྱུར་བའི་མཁའ་འགྲུལ་སྐྱེལ་འདྲེན་དྲ་བ་གྲུབ་ཡོད། 2013ལོའི་ལོ་མཇུག་བར་དུ། རྒྱལ་ཁབ་ཕྱི་ནང་གི་མཁའ་སྐྱོད་ལམ་ཐིག48ཡོད་པ་དང་། གནམ་གྲུ་རྒྱལ་ནང་གི་གྲོང་ཁྱེར29ལ་ཤར་གཏོང་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག