མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་དེ་པ་སྣམ་རྫོང་དུ་སྤེལ་འགོ་བརྩམས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་དེ་པ་སྣམ་རྫོང་ནས་དངོས་སུ་སྤེལ་འགོ་བརྩམས།

རྒྱུས་ལོན་ལྟར་ན། བོད་ལྗོངས་ཡོངས་ཀྱི་ཞིང་སྡེ་བཅོས་བསྒྱུར་འཕེལ་རྒྱས་བྱུང་བའི་ལམ་བུ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུས་ཚོད་ལྟ་བྱེད་སར་ཚོད་ལྟ་བྱེད་པའི་བྱ་བ་དེ་གཙོར་བཟུང་སྟེ། རོང་འབྲོག་ཁུལ་བཅོས་བསྒྱུར་བྱེད་པའི་ཐབས་ཇུས་གལ་ཆེན་ལ་སྐུལ་འདེད་བཏང་བས། གཞིས་རྩེ་ས་ཁུལ་གྱི་པ་སྣམ་རྫོང་དེ་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་སྡེའི་བཅོས་བསྒྱུར་བྱེད་པའི་ཚོད་ལྟ་ཁུལ་དུ་གྱུར། ཟླ་བ4ལྷག་གི་རིང་ལ་བྱ་བ་སྒྲུབ་པ་དང་གྲ་སྒྲིག་ནན་མོ་བྱས་པ་བརྒྱུད། རྟོག་ཞིབ་ཟབ་མོ་དང་ཞིབ་བསྡུར་བདེན་དཔང་ཡང་བསྐྱར་བྱས་པའི་རྨང་གཞི་སྟེང་། པ་སྣམ་རྫོང་གིས《ཞིང་སྡེ་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བའི་ཇུས་གཞི》ཡི་སྤྱིའི་བཀོད་སྒྲིག་ལྟར། ཞིང་ལས་ཚོང་གཉེར་མ་ལག་གསར་བ་འཛུགས་སྐྲུན་བྱེད་པའི་བརྗོད་བྱར་དམིགས་ཏེ། རང་སྐྱོང་ལྗོངས་དང་ས་ཁུལ་བཅས་རིམ་པ་གཉིས་ཀྱི་བྱ་བའི་གོམ་སྟབས་ཀྱི་རྗེས་སུ་འབྲིངས་ནས། གྲ་སྒྲིག་ཡང་དག་བྱེད་པ་དང་། བཀོད་སྒྲིག་ཞིབ་མོ་བྱེད་པ། སྐུལ་འདེད་ནན་མོ་བཏང་སྟེ། ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱུང་།

པ་སྣམ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། རྫོང་དཔོན་བསྐལ་བཟང་གིས་གསར་འགོད་པར་བཤད་རྒྱུར། པ་སྣམ་རྫོང་གིས་རྟོག་ཞིབ་ཟབ་མོ་བྱས་པའི་རྨང་གཞི་སྟེང་། 《ཞིང་སྡེ་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བའི་ཇུས་གཞི》གཏན་ལ་ཕབ་ཏེ། ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་དང་ནང་ལོག་ས་ཁུལ་གྱི་ལས་རིགས་གསོ་སྦྱོང་ཁྲོད་ཞུགས་ནས། བྱ་བ་སོ་སོ་སྒྲུབ་པར་འཇོན་མིའི་བྱ་བའི་ཕྱོགས་ལ་ཤུགས་བསྣན་པ་ཟད། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་ཁེ་དབང་གཏན་ཁེལ་ཐོ་འགོད་བྱེད་པའི་བྱ་བའང་སྤེལ་འགོ་བརྩམས། མིག་སྔར། རྫོང་ཡོངས་ཀྱི་ཞིང་སྡེ་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བའི་འགོ་ཡག་པོ་བརྩམས་ཡོད་དེ། བྱ་བའི་འཕེལ་རིམ་སོ་སོ་བདེ་བླག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག