མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར12ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ། མངའ་རིས་ས་ཁུལ་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར12.47མངོན་འགྱུར་བྱས་ཤིང་། དུས་མཉམ་ལས10.5%འཕར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར14.61ལེགས་འགྲུབ་བྱུང་ཞིང་། དུས་མཉམ་ལས14.61%འཕར། ས་གནས་ཀྱི་ནོར་སྲིད་ཡོང་སྒོ་སྒོར་ཁྲི4748ལ་སླེབས་པ་དང་། དུས་མཉམ་ལས1.96%ཆག་ཡོད། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་བེད་སྤྱོད་བྱེད་ཆོག་པའི་ཡོང་སྒོ་སྒོར་ཁྲི1.4ལ་སླེབས་ཡོད་དེ། དུས་མཉམ་ལས6.7%འཕར་ཡོད། རོང་འབྲོག་པའི་སྒོར་མོའི་ཡོང་སྒོ་སྒོར་ཁྲི2353ལ་སླེབས་ཡོད་དེ། དུས་མཉམ་ལས12%འཕར། ཚོད་རྩིས་ལྟར་ན་སྤྱི་ཚོགས་ཡོངས་ཀྱི་མཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར3.18ལ་སླེབས་ཡོད་དེ། དུས་མཉམ་ལས24.6%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག