མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་སྟོད་དུ་སྐྱིད་རོང་རྫོང་གིས་ཚོང་འགུག་མ་འདྲེན་ལས་དོན་ཏན་ཏིག་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-03 11:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ་གཞིས་རྩེ་ས་ཁུལ་སྐྱིད་རོང་རྫོང་གིས་ཚོང་འགུག་མ་འདྲེན་ལས་དོན་སྤེལ་འགོ་འཛུགས་སྔ་བ་དང་བྱ་སྤྱོད་མྱུར་པོ་སྤེལ་ཏེ། རྣམ་གྲངས་ཆེ་གྲས་ནང་འདྲེན་བྱེད་རྒྱུས་གཙོ་གནད་བྱས་ཏེ་སྤྱི་འབོར་མང་དུ་གཏོང་བ་དང་སྤུས་ཚད་ཡག་པོ་ཡོང་བ་བྱེད་པའི་བླང་བྱ་གཉིས་དང་བསྟུན་ནས། གོང་འཕེལ་མགྱོགས་པོ་དང་སྤུས་ཚད་མཐོར་གཏོང་། རྒྱུན་བསྲིང་གོང་འཕེལ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་པ་རེད། ད་བར་རྫོང་དེས་བོད་ལྗོངས་ཧུང་ཅིད་ཀུང་སི་དང་ཨན་ཧུང་ཁེ་ལས། ས་ཁུལ་རྡོ་ཐ་ཀུང་སི་སོགས་དང་འདོད་མཐུན་མ་འཇོག་གྲོས་མཐུན་བཞག་པ་དང་། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས5གྲ་སྒྲིག་བྱས་ཡོད་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར2ལྷག་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག