མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྟག་རྩེ་རྫོང་སློབ་གསོ་ཅུའུ་ཡིས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་གོང་མཐོར་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-03 11:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་སློབ་གསོ་ཅུས་ཀྱིས་གུང་གསེང་རིང་གི་དུས་ཚོད་བེད་སྤྱད་དེ་དགེ་རྒན40སྒྲིག་འཛུགས་བྱས་ནས་སློབ་ཁྲིད་རྩལ་ནུས་སྦྱོང་བརྡར་སྤྲད་པ་རེད། སྦྱོང་བརྡར་ནང་དགེ་རྒན་ཚོས་སྤེལ་རེས་རྣམ་པའི་སློབ་ཁྲིད་དང་སློབ་ཁྲིད་དཔྱད་ཉན། སློབ་ཁྲིད་ཟིན་བྲིས་ཚད་ལྡན་འབྲི་བ་སོགས་སློབ་ཁྲིད་དངོས་སྤྱོད་རྩལ་ནུས་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ཡོངས་བསྒྲགས་ཐོག་སློབ་ཚན་ཁྲིད་སྟངས་འགྲེམས་སྟོན་དང་སློབ་སྦྱོང་གི་ཕན་འབྲས་ཞིབ་བཤེར་སྲ་བརྟན་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག