མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-03 11:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་སྐུལ་འདེད་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཏེ། ཁོངས་གཏོགས་ཚན་པ་ལེགས་སྒྲིག་བྱས་པ་དང་། དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་གནས་ཚུལ་གྱི་སྙན་ཞུ་ཉན་པ་མ་ཟད་གོམས་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་སྐུལ་འདེད་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་དང་། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་སྐུལ་འདེད་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲུའུ་ལེའི་ཀྲེན་རྣམ་གཉིས་ཚོགས་འདུར་ཕེབས་ཡོད་པ་རེད།

ཏིང་གཡས་ཤན་གྱིས་ཁོངས་གཏོགས་ཚན་པ་དང་འབྲེལ་ཡོད་ཚན་པ་ཁག་གིས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས། དོན་དངོས་དང་འཚམ་པའི་གོང་འཕེལ་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། བདེ་འཇགས་ཨང་དང་པོར་འཇོག་པ། སྔོན་འགོག་བྱེད་རྒྱུས་གཙོ་བོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཐོག སྒྲིག་ཆས་དང་ལག་རྩལ་ཐད་ནས་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱབ་སྟེ། མཁའ་འགྲུལ་སྐྱེལ་འདྲེན་རྒྱུན་མཐུད་བདེ་འཇགས་ཡོང་བ་བྱེད་དགོས་པ་དང་། སྤྱི་སྤྱོད་མཁའ་འགྲུལ་གོང་འཕེལ་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་སོགས་ཐད་སྤྱི་སྤྱོད་མཁའ་འགྲུལ་སྤྱོད་རྒྱ་ཆེ་རུ་གཏོང་དགོས་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་མགྱོགས་སུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག