མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དངུལ་ཁང་ལས་རིགས་ཀྱིས་ལོ་སྟོད་དུ་དངུལ་རྩས་ཞབས་ཞུ་སྒྲུབ་ཚད་རྒྱུན་མཐུད་ངང་ཤུགས་ཇེ་ཆེར་བཏང་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2014-08-03 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2014ལོའི་ལོ་སྟོད་དུ་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ནས་མུ་མཐུད་ཀྲུང་དབྱང་གི་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་སྲིད་ཇུས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། བོད་ལྗོངས་ཀྱི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ལག་བསྟར་ཏན་ཏིག་བྱས་པ། གཙོ་གཟུགས་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པ། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་བྱས་པ། དངུལ་རྩའི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ། ཉེན་ཁའི་དོ་དམ་གྱི་མ་མཐའི་ཚད་གཞི་བརྟན་སྲུང་བྱས་པས། དངུལ་ཁང་ལས་རིགས་ཀྱི་སྤྱིའི་འཁོར་སྐྱོད་བརྟན་པོ་བྱུང་ཡོད་པ་རེད།

བོད་ལྗོངས་དངུལ་ཁང་ལྟ་སྐུལ་དོ་དམ་ཅུད་ཀྱི་གྲངས་གཞི་གསར་ཤོས་ལ་མངོན་པར་གཞིགས་ན། བཅོལ་དངུལ་རྣམ་གྲངས་ཁག་བརྟན་པོའི་འཕར་བ་དང་། བརྡ་གཏོང་བཅོལ་དངུལ་གྱི་འཕར་ཚད་མངོན་གསལ་དོད་པོ་ཡོད། སྤྱི་ཟླ6པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གཅིག་སྤྱོད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2880.44ཟིན་པ་དང15.17%འཕར་ཡོད། དངུལ་བུན་གཏོང་བའི་ལས་སྒོ་ཁྱོན་ཡོངས་ནས་འཕར་བ་དང་། ཉོ་ཚོང་དང་མ་རྩ་བསྡུ་རུབ་ཀྱི་རྣམ་པ་མངོན་གསལ་དོད་པོ་ཡོད། སྤྱི་ཟླ6པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གཅིག་སྤྱོད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1374.41ཟིན་པ་དང་། 27.48%འཕར་ཡོད།

གཞན་ཡང་མ་རྩའི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་སོང་བ་དང་། ཁེ་སྤོགས་ནུས་པ་མངོན་གསལ་དོད་པོས་འཕར་བ། དངུལ་བུན་གཏོང་ཉེན་ཤོར་རྒྱུ་ཉུང་དུ་ཕྱིན་པ། མ་རྩའི་སྤུས་ཚད་བརྟན་པོའི་ངང་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག