མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སློབ་ཆེན་གྱི་དང་བླངས་སློབ་མ2000ལྷག་གིས་བོད་ལྗོངས་ཀྱི་ས་གནས་ཁག་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-03 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས31ཉིན་ལྷ་སར་གཉེར་བའི་སྤྱི་ལོ2014ལོའི་སློབ་གྲྭ་ཆེན་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་རྡོག་ཐོན་སྐུལ་སློང་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར27གྱི་མཐོ་རིམ་སློབ་གྲྭའི་དང་བླངས་པ2000ལྷག་གིས་མཛེས་སྡུག་ལྡན་པའི་གནས་མཆོག་བོད་ལྗོངས་སུ་བསྐྱོད་རྒྱུའི་མིང་ཐོ་བཀོད་ཡོད་པ་རེད།

དུས་ཡུན་ཉིན་བཞིའི་གཅིག་སྡུད་སྦྱོང་བརྡར་མཇུག་བསྒྲིལ་རྗེས། ཁོང་ཚོས་ཁག་སོ་སོར་བོད་ལྗོངས་ཀྱི་ཐད་གཏོགས་ཚན་པ་ཁག་ཅིག་དང་། ས་གནས་དང་གྲོང་ཁྱེར་བདུན་གྱི་ཐད་གཏོགས་ཚན་པ་དང་དེ་བཞིན་རྫོང39བཅས་ལ་བསྐྱོད་དེ། སྨན་བཅོས་འཕྲོད་བསྟེན་དང་། གཞི་རིམ་གྱི་སློབ་གསོ། ཞིང་འབྲོག་ལས་ཀྱི་ཚན་རྩལ། གཞི་རིམ་གྱི་གཞོན་ནུའི་ལས་དོན། གྲོང་ཁྱེར་དང་གྲོང་བརྡལ་གྱི་དྲ་མིག་ཅན་གྱི་དོ་དམ། གཞི་རིམ་གྱི་ཁྲིམས་ལུགས་རོགས་སྐྱོར། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་སོགས་ཀྱི་ལས་དོན་བཅས་ཀྱི་ཁྱབ་ཁོངས་ནང་ལོ་གཅིག་ནས་གསུམ་བར་དང་བླངས་ཞབས་ཞུ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག