མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་སྟོད་དུ་བོད་ལྗོངས་ཀྱི་ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-02 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་དུས་བོད་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འཚོགས་པའི་སྤྱི་ལོ2014ལོའི་ལོ་འཁོར་གྱི་ཚང་འཛོམས་ཚོགས་འདུ་ཐེངས3པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྣམ་པ་ཡག་པོ་ཡོད་པ་དང་། གྲོང་གསེབ་བསྒྱུར་བཅོས་བྱེད་འགོ་ཡག་པོ་བཙུགས་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། ཞིང་འབྲོག་ཁུལ་མུ་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ནས། ལྗོངས་ཡོངས་ཀྱི་ཞིང་ལས་དང་། འབྲོག་ལས། ནགས་ལས། ཉ་ལས་བཅས་ལས་རིགས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར50.58ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས3.3%འཕར་བ་དང་། ཞིང་འབྲོག་ཉ་བཅས་ལས་རིགས་ལ་རིན་ཐང་འཕར་མ་སྒོར་དུང་ཕྱུར34.57ཟིན་ནས3.1% འཕར། ཞིང་འབྲོག་པ་མི་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར2245ཟིན་ནས14.8%འཕར་བ་བཅས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། འདི་ལོའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག