མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱི་ཁྲལ་དོན་ཚན་པས་ཁྲལ་བསྡུའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-02 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཚུན་དུ་གཞིས་རྩེ་ས་ཁུལ་གྱི་ཁྲལ་དོན་ཚན་པས་ལས་རིགས་མི་འདྲ་བ་དང་ཁེ་ལས་མི་འདྲ་བར་དམིགས་ནས། དོ་དམ་བྱ་ཐབས་མི་འདྲ་བ་སྤྱད་དེ་ཁྲལ་བསྡུའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲལ་བསྡུའི་ཁྲིམས་འཛིན་གནས་ལ་འཁེལ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བསྡུ་དགོས་པ་ཚང་མ་བསྡུ་ཐུབ་པ་པ་དང་། ཁྲལ་དོན་སྲིད་འཛིན་ཞིབ་མཆན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པ། སྲིད་འཛིན་ཞིབ་མཆན་གྱི་གོ་རིམ་སྟབས་བདེ་རུ་བཏང་བ། ཁེ་ལས་ཆུང་གྲས་ཀྱི་འཕར་ཐང་དཔྱ་ཁྲལ་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྔར་བས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཡོད་པ་རེད།

སྤྱི་ཟླ6པའི་ཟླ་མཇུག་བར། ས་ཁུལ་དེ་ཡོངས་ཀྱིས་ཁྱོན་ཁེ་ལས་ཆུང་གྲས510 སྒོར་ཁྲི་ཚོ46གི་འཕར་ཐང་དཔྱ་ཁྲལ་དང་། གཉེར་སྐྱོང་དཔྱ་ཁྲལ་གྱི་གཟིགས་སྐྱོང་། མཉམ་སྡེབ་ཞིབ་མཆན་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ཡོད་པས། སྤྱི་ཟླ་དྲུག་པའི་བར་ཁྱོན་དཔྱ་ཁྲལ་དངུལ་སྒོར་ཁྲི་ཚོ2181ཆགས་ཡང་དང་མེད་པ་བཟོས་ཡོད་པ་རེད། ཚབ་ཆེའི་ཁྲལ་དོན་གྱོད་གཞི་ཞིབ་གཅོད་ལས་ཀ་ཡག་པོ་བྱས་ནས། ཞིབ་བཤེར་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བར་ལོ་སྟོད་དུ་ཞིབ་བཤེར་ལས་ཁུངས་ཀྱིས་ཁྱོན་གྱོད་དོན8ཞིབ་བཤེར་བྱས་པ་དང་། རིགས་ཁག་གི་ཁྲལ་དངུལ་དང་དུས་འགྱངས་དངུལ་ཆད། ཆད་དངུལ་བཅས་ཁྱོན་སྒོར་ཁྲི་ཚོ311ཞིབ་བཤེར་ཁ་གསབ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག