མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་ལྷ་ས་གྲོང་ཁྱེར་གྱིས་སྲིད་འཛིན་གྲོང་ཚོ45ཡི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-07-31 10:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་ཧྲག་བསྡུ་བྱས་ཏེ། ཚད་གཞི་ཇེ་མཐོར་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་འདིའི་སྲིད་འཛིན་གྲོང་ཚོ45ལ་ཞིང་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་བ་སྤེལ་རྒྱུ་རེད།

ཉེ་ལམ། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས《ལྷ་ས་གྲོང་ཁྱེར་གྱི2014ལོར་གྲོང་ཚོའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་ལེགས་བསྟར་ཇུས་གཞི 》མཆན་བཀོད་བརྒྱུད་སྤྲོད་བྱེད་པའི་འབྲེལ་ཡོད་བརྡ་སྦྱོར་ཁྱབ་བསྒྲགས་བྱས། རྒྱུས་ལོན་ལྟར་ན། ལྷ་ས་གྲོང་ཁྱེར་དུ་སྲིད་འཛིན་གྲོང་ཚོ་བསྡོམས་པས226ཡོད་པ་དང་། 2013ལོའི་ལོ་མཇུག་བར་དུ། སྲིད་འཛིན་གྲོང་ཚོ181གི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་འགྲུབ་བྱུང་། མིག་སྔར་སྲིད་འཛིན་གྲོང་ཚོ་ལྷག་མ45ཡི་འཛུགས་སྐྲུན་ལས་གཞི་ད་དུང་ལག་བསྟར་བྱས་མེད། 2014ལོའི་གྲོང་ཚོའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་འཛུགས་སྐྲུན་ལས་འགན་ལྟར་ན། ཐེངས་འདིའི་ལས་གཞིར་བསྡོམས་པས་མ་དངུལ་སྒོར་ཁྲི10185ཐབས་འཚོལ་བྱེད་དགོས།

རྒྱུས་ལོན་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བ་དེ་གཙོ་བོ་སྤྱི་བའི་སྒྲིག་ཆས་དང་། རྨང་གཞི་སྒྲིག་ཆས། མི་སྡོད་ཁོར་ཡུག་འཛུགས་སྐྲུན་བཅས་ལ་དམིགས་ཏེ། གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན་དང་། ཞིང་སྡེའི་གད་སྙིགས་དང་བཙོག་ཆུ་བཟོ་བཅོས་བྱེད་པ། གྲོང་ཚོ་ལྗང་སྒྱུར་མཛེས་སྤྲས་བྱེད་པ། ཉི་ནུས་ལ་བརྟེན་ནས་གློག་འདོན་པ། གྲོང་ཚོའི་འཕྲོད་བསྟེན་སྨན་བཅོས་སྒྲིག་ཆས་ལེགས་བཅོས་བྱེད་པ་སོགས་ལག་བསྟར་བྱས་ཏེ་གྲོང་ཚོའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་བ་སྤེལ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག