མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱ་གར་མཚམས་སྦྱོར་ཚན་པས་ཀྲུང་གོས་བོད་ལྗོངས་ཀྱི་རྨང་གཞི་སྒྲིག་ཆས་སྐྲུན་ཤུགས་ཆེ་རུ་གཏོང་ཚུལ་བསྒྲགས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-07-30 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་བྱེད་འཆར་ཡོད་པའི་དུས་མཚུངས་སུ། ལྷ་ས་ནས་བོད་ལྷོ་ཁུལ་དུ་འཐེན་པའི་ལྕགས་ལམ་ཡང་ཉིན་རིམ་ནང་ཚུད། དེ་ནི་ཀྲུང་གོས་རྒྱང་ཐག་རིང་བོའི་ཧི་མ་ལ་ཡའི་ས་ཁུལ་ལ་དམག་འདྲེན་ནུས་ཤུགས་ཆེར་གཏོང་བ་ཐག་ཆོད་ཡིན་ཞེས་《རྒྱ་གར་སི་ཐན་དུས་ཚགས》ཀྱིས་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ནང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་ལ་དེ་ལྟར་གོ་བ་བླངས་ཡོད་པ་རེད། ཚེས24ཉིན་ཀྲུང་གོའི་འགྲིམ་འགྲུལ་དབོར་འདྲེན་པུའུ་ཡིས་པར་འགྲེམས་བྱས་པའི་《བོད་ལྗོངས་ཀྱི་འགྲིམ་འགྲུལ་དབོར་འདྲེན་ཚན་རིག་དང་མཐུན་པའི་གོང་དུ་སྤེལ་བར་སྔར་བས་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་ཚུལ་འགའ་》ཞེས་པའི་ནང་དུ། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ནི་༢༠༢༠ལོའི་ཚུན་ལ། བོད་ལྗོངས་ཀྱིས་སྤྱི་ལེ1300ཡི་ལྕགས་ལམ་གཉེར་སྐྱོང་ཁྲོད་ཀྱི་ཆ་ཤས་ཤིག་ཡིན། དེའི་བར་དུ། བོད་ལྗོངས་ཀྱིས་གཞུང་ལམ་སྤྱིའི་རིང་ཚད་ཁྲི༡༡ཟིན་པ་མངོན་འགྱུར་བྱས་ཏེ། རྒྱལ་ལམ་རིམ་པ་གསུམ་པ་དང་དེ་ཡན་གྱི་གཞུང་ལམ་བསྡུར་ཚད་བརྒྱ་ཆའི65དང་། ལམ་གཙོ་བོ་དང་ཡན་ལག་ལམ་ཐིག་ཟུང་འབྲེལ་གྱི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཐང་བར་ལ་དྲ་རྒྱའི་རྣམ་པ་ཐོག་མར་ཆགས་པ་བྱས་ནས་དམངས་སྤྱོད་མཁའ་འགྲུལ་གྱི་ཡུལ་སྐོར་བ་ཕར་སྐྱེལ་ཚར་བསུ་བྱེད་ཚད་མི་ཐེངས་ཁྲི700ལ་སླེབས་པ་བྱ་རྒྱུ་དེ་རེད།

《རྒྱ་གར་སི་ཐན་དུས་ཚགས》གྱིས་དབྱེ་ཞིབ་ལས། ཀྲུང་གོས་བོད་ལྗོངས་སུ་རྨང་གཞི་སྒྲིག་ཆས་བསྐྲུན་ཤུགས་ཆེར་བཏང་བའི་སྐོར་དྲིལ་སྒྲོག་ཆེན་པོ་བྱས་པ་དེ་ནི་རྒྱ་གར་གྱིས་ཨ་ལུ་ན་ཆར་པང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པར་བསྐྱོན་པའི་ལན་ཞིག་ཏུ་བརྩིས་ཡོད། རྩོམ་དེའི་ནང་དུ། གཞིས་ཀ་རྩེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བཞུགས་གནས་ཡིན། དེར་འཐེན་པའི་ལྕགས་ལམ་ནི་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ལྕགས་ལམ་དུ་བརྩིས་ཡོད་ལ། ལྕགས་ལམ་དེ་འཛུགས་སྐྲུན་གྱིས་རྒྱ་གར་དང་ཀྲུང་གོའི་མཐའ་མཚམས་བར་གྱི་རྩོད་གཞི་ཐག་གཅོད་པར་དགེ་མཚན་ལྡན་ཚུལ་བསྟན་ཡོད། 《རྒྱ་གར་མྱུར་ཚགས》ཀྱིས། ཀྲུང་གོས་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་ལུགས། རིག་གནས་སོགས་ཀྱི་གནོན་ཤུགས་ཅི་རིགས་འཁུར་ནས། ས་བབ་སྨི5000ལས་བརྒལ་བའི་མཐོ་སྒང་གི་འཁྱགས་སར་མང་པོའི་བོད་ལྗོངས་ས་ཁུལ་ནས་ལྕགས་ལམ་འཛུགས་པ་ནི། ཀྲུང་གོས་ས་གནས་དེ་འཐབ་ཇུས་ཀྱི་དོན་སྙིང་དང་གལ་ཆེ་རང་བཞིན་ལ་ངེས་ཟིན་ཐོབ་པའི་བདེན་དཔང་ཞིག་ཡིན་ཞེས་བཀོད་ཡོད།

རྒྱ་གར་གྱིས་ས་ཁུལ་དེའི་འཐབ་ཇུས་དོན་སྙིང་ལ་མཐོང་ཆེན་བྱེད་ཚད་ཀྲུང་གོ་དང་འདྲ་བས་མཚམས་སྦྱོར་ཚན་པའི་རྫི་གསང་དོད་པའི་ཚོར་བ་ལས་མངོན་པར་མཚོན་ཐུབ། རྒྱ་གར་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལ་ཅི་ཡིས་ཚེས27ཉིན་བལ་བོར་འཚམས་འདྲི་གནང་བ་ནི། ཟླ8པའི་ཚེས3ནས་ཚེས4ཉིན་བར་རྒྱ་གར་གྱི་ཙུང་ལི་མོ་ཏེ་བལ་བོར་འཚམས་འདྲི་བསྐྱོད་པར་སྔོན་བརྡ་ཞིག་བརྒྱབ་པ་ཡིན། དེ་ནི་ལོ་ངོ17གྱི་རྗེས་སུ་རྒྱ་གར་གྱི་ཙུང་ལི་མོ་ཏེ་ཡང་བསྐྱར་ཀ་ཏ་མན་རྡུར་འཚམས་འདྲི་བསྐྱོད་པ་ཡིན། 《རྒྱ་གར་མྱུར་ཚགས》ཀྱིས། དེ་ནི་སྲིད་གཞུང་གསར་བས་ས་གནས་དེ་གར་རྒྱ་གར་གྱི་ཤུགས་ཆེར་གཏོང་བ་དང་། ཀྲུང་གོས་བལ་བོར་བཟོས་པའི་ཤུན་ཤུགས་ལ་ཁ་གཏད་པ་མཚོན་ཞེས་བསྒྲགས་ཡོད།

རྒྱ་གར་གྱི་སྦྲགས་སྲིད་ཚགས་པར་དང་པོ་ཞེས་པའི་དྲ་ཚིགས་ཀྱིས་ཚེས27ཉིན་སེམས་ཁྲལ་བྱེད་དོན། མོ་ཏེ་བལ་བོར་བསྐྱོད་པའི་གོ་རིམ་ཁྲོད། ཀྲུང་གོས་ཁང་ནང་ལ་འཛུལ་བའི་སྤྲ་བཞིན་དུ་ཟློས་གར་འཁྲབ་མི་དཔེ་དམ། བལ་བོ་ནི་མོ་ཏེ་ཙུང་ལིར་བསྐོས་རྗེས་འཚམས་འདྲི་ཕྱིན་པའི་རྒྱལ་ཁབ་གཉིས་པ་ཡིན། ཡིན་ན་ཡང་བལ་བོ་དང་འབྲུག་ཡུལ་གྱི་འདྲ་ས་ནི་རྒྱལ་ཁབ་དེ་གཉིས་ཀར་ཀྲུང་གོའི་མཐའ་མཚམས་ཡོད་པས། རྒྱལ་ཁབ་དེ་གཉིས་ལ་མཚོན་ན། ཀྲུང་གོ་དང་རྒྱ་གར་གྱི་རྒྱ་བསྐྱེད་འཐབ་ཇུས་ཐད་ལ་དོན་སྙིང་གལ་ཆེན་ལྡན།

བལ་བོའི《སྤྱི་མཐུན་ཚགས་པར》གྱིས་ཚེས26ཉིན། ཟླ་༨པར་མོ་ཏེ་བལ་བོར་ཐོག་མར་འཚམས་འདྲི་ཕེབས་རྒྱུ་ཡིན་ཞིང་། དེ་ནི་རྒྱ་གར་གྱིས་བལ་བོར་ཐོག་མར་བསམ་གཞིགས་བཏང་བ་གསལ་བྱེད་བྱས་ཡོད་ཅེས་བསྒྲགས་འདུག། ཡིན་ན་ཡང་བལ་བོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཆུ་གློག་མཉམ་ལས་ཐད་ནས་གནས་ཚུལ་མང་པོ་བསྒྲགས་མེད། རྒྱུ་མཚན་ནི་བལ་བོའི་མི་མང་ཤོས་ཀྱིས་རྒྱ་གར་གྱིས་ད་ཐེངས་ཀྱི་མཉམ་ལས་ལ་བརྟེན་ནས་བལ་བོའི་ཆུ་གློག་ཚོད་འཛིན་བྱེད་པར་སེམས་འཁྲལ་བྱེད་པ་རེད། བལ་བོའི་གློག་འཕྲིན་དྲ་བས། གལ་སྲིད་བལ་བོ་ཕྱོགས་ཀྱིས་རྒྱ་གར་གྱི་གྲོས་མཐུན་ཡི་གེ་དང་ལེན་བྱས་པ་ཡིན་ན། རྒྱལ་ཁབ་གཞན་དག་གིས་བལ་བོའི་ཆུ་གློག་ཐད་མ་དངུལ་གཏོང་བར་ཚོད་འཛིན་ཐེབས་རྒྱུ་མ་ཟད། བལ་བོ་རང་ཉིད་ཀྱིས་ཆུ་གློག་གསར་སྤེལ་ཐད་ལའང་རྒྱ་གར་ཕྱོགས་ཀྱིས་ཆོག་ཐོབ་གནང་དགོས་ཞེས་བསྒྲགས། བལ་བོའི་ནུས་ཁུངས་པུའུ་གནས་མང་པུའུ་ཀྲང་སྔོན་མས་མཚམས་སྦྱོར་ཚན་པར་འདི་སྐད། རྒྱ་གར་གྱིས་བལ་བོ་ཉིད་འབྲུག་ཡུལ་གཞན་ཞིག་བསྒྱུར་འདོད་ཡོད་པ་རེད། ཅེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག