མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་སྟོད་དུ་ལྷ་སའི་ཡུལ་སྐོར་ལས་རིགས་ལ་ཡོང་འབབ་སྒོར་དུང་ཕྱུར་28ཙམ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-27 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་གྱིས“འཐབ་ཇུས་ཆེན་པོ་ལྔ”ལག་བསྟར་ཧུར་ཐག་བྱས་ཏེ“ལྷ་སའི་ཡུལ་སྐོར་ཞབས་ཞུ་ལོའི”བྱེད་སྒོ་ཧུར་ཐག་སྤེལ་ནས་གོ་སྐབས་དམ་འཛིན་བྱེད་སྐབས་འཕེལ་རྒྱས་མགྱོགས་པོ་བཏང་བར་བརྟེན་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད།འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ལ་ཡོང་འབབ་སྒོར་དུང་ཕྱུར་27.78བྱུང་བ་རེད།

གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར།འདི་ལོའི་དུས་ཚིགས་དང་པོར་ལྷ་སའི་ཡུལ་སྐོར་སྡེ་ཚན་གྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་དུས་ཚིགས་དང་པོར་འགོ་ཡག་པོ་ཞིག་བཙུགས་ཡོད།འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་242ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་19.82%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་27.78བྱུང་བ་དེ་དུས་མཚུངས་ལས་43.64%འཕར་ཡོད་པ་རེད།

ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་།མ་འཇོག་སྒོར་ཁྲི་240བྱས་པའི་མལ་གྲོ་གུང་དཀར་རྫོང་འབྲི་གུང་མཐིལ་དགོན་གྱི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མ་འཇོག་སྒོར་ཁྲི་2759བྱས་པའི་ཚེ་མཆོག་གླིང་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཚུད་པའི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།2014ལོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མ་དངུལ་གྱི་རྣམ་གྲངས་གོང་ཞུ་ཧུར་ཐག་བྱས་ཤིང་།མིག་སྔའི་བར་རྣམ་གྲངས་9འདུན་ཞུ་བྱས་ཡོད།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་བརྟན་པོའི་ངང་སྤེལ་ཞིང་།དུས་འགོར་བརྟག་ཞིབ་འབོར་ཆེན་བྱས་པའི་རྨང་གཞིའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་སྐོར་རྣམ་གྲངས་ཁག་32ཞིབ་འཇུག་དང་།འདེམས་སྒྲུགལེགས་སྒྲིག་བཅས་ནན་ཏན་བྱས་པ་རེད།

ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཞིང་།《ཀྲུང་གོའི་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་སྙན་ཞུའི་ཡི་གེ》(2010ལོའི་པར་གཞི་གསར་པ)ལ་ནན་པོར་གཞིགས་ནས།ལྷ་སའི་གསོལ་མགྲོན་ཁང་11ལ་སྐར་མ་རིམ་པའི་ཐོག་མའི་དཔྱད་འདེམས་བྱས་པ་དང་དེ་བཞིན་མཛུབ་ཁྲིད་ཀྱང་བྱས་པ་རེད།《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་འབྱེད་དང་དཔྱད་འདེམས》ཀྱི་ཚད་གཞི་གཞིར་བཟུང་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་1དང་AAརིམ་པའི་བཟོ་ལས་མཛེས་ལྗོངས་ཁུལ་1ལ་ཐོག་མའི་དཔྱད་འདེམས་བྱས་པ་རེད།ཞིང་འབྲོག་པ་གསོ་སྦྱོང་གི་འཆར་གཞིར་ནན་པོར་གཞིགས་པ་དང་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་འཆར་གཞི་བཟོས་ཏེ་ཁྲེང་ཀོན་ཆུས་དོག་སྡེ་ཤང་འོས་པ་གྲོང་ཚོའི་གཞོན་ནུ་གནའ་རབས་སྒྱུ་རྩལ་བཟོ་སྐྲུན་ཀུང་སིར་རྩལ་ནུས་སྦྱོང་བར་བཏང་ནས་ས་གནས་དེ་གར་ལས་ཞུགས་ཐུབ་པ་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདི་ལོའི་ལོ་སྨད་དུ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་འོས་སྦྱོར་དང་།ཡུལ་སྐོར་ཁྲིམས་འཛིན།བདེ་འཇགས་ཐོན་སྐྱེད།རྣམ་གྲངས་འཛུགས་སྐྲུན་བཅས་ལས་དོན་ཁག་བཞི་མུ་མཐུད་ཏན་ཏིག་སྤེལ་ནས་ཡུལ་སྐོར་བ་ལྷ་སར“བདེ་འཇགས་དང་།བློ་བདེ།བག་ཕེབས།བློ་ཡིད་ཚིམ་པོ”བཅས་ཡོང་རྒྱུའི་འགན་ལེན་བྱས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག