ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ་སྟེ།ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཐང་མིང་དབྱིན་གྱིས་འབྲེལ་ཡོད་ཀྱི་གོ་གནས་བསྐོ་འཐེན་གྱི་དོན་ཚན་ལ་གསལ་བཤད་བརྒྱབ་པ་དང་།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་མཱ་རུའུ་ལུང་གིས《བོད་རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》ཁྲིམས་འཛུགས་བྱས་རྗེས་ཀྱི་དཔྱད་དཔོག་སྐོར་གྱི་སྙན་ཞུ་གནང་སྟེ་ལམ་ལུགས་གཙོ་བོ་དང་།གཙོ་གནད་ནང་དོན།ཡིག་ཆའི་སྤུས་ཚད་སོགས་ཐད་ནས་ཁྲིམས་འཛུགས་རྗེས་ཀྱི་དཔྱད་དཔོག་བྱས་པ་དང་སྲོལ་ཡིག་ལག་བསྟར་བྱེད་སྐབས་ཐོན་པའི་གནད་དོན་ལ་དམིགས་ནས་གྲོས་འགོ་བཏོན་པ།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀེ་ཧྲེང་གིས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་སྲོལ་ཡིག(འཆར་ཟིན)》བཟོ་བཅོས་རྒྱག་ཚུལ་སྐོར་གྱི་སྙན་ཞུ་གནང་སྟེ་བཟོ་བཅོས་བརྒྱབ་པའི་ཁྲིམས་སྲོལ་གྱི་མིང་དང་།ཁྲིམས་སྲོལ་སྒྲིག་སྟངས་ལེགས་སྒྲིགརིམ་ཁག་རྒྱལ་སྲུང་སློབ་གསོའི་ལས་དོན་གྱི་སྒྲིག་གཞི་ལེགས་གཏོང་།རིམ་ཁག་སྲིད་གཞུང་དང་རྒྱལ་སྲུང་སློབ་གསོའི་ལས་དོན་གྱི་སྒྲིག་གཞི་དང་སྡེ་ཚན།དེ་བཞིན་སྤྱི་ཚོགས་ཚོགས་པའི་འགན་འཁྲི་གསལ་པོ་བཟོ་བ།ཁྲིམས་སྲོལ་བེད་སྤྱོད་བྱེད་ཁོངས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཐད་ནས་ཁ་གསབ་རྒྱག་པ་དང་འཐུས་ཚང་དུ་བཏང་བ།རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་དང་ཞབས་ཞུ་འགན་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུ་གནང་སྟེ་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་དང་ཞབས་ཞུའི་འགན་ལེན་ལས་དོན་ཐད་ལྷག་པའི་དཀའ་ངལ་དང་གནད་དོན་གཙོ་བོ་བཏོན་པ་དང་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འགན་ལེན་ལ་ཤུགས་སྣོན་རྒྱག་པ།གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཆ་རྐྱེན་ལེགས་སུ་གཏོང་བ།ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་ཞབས་ཞུ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་གྲོས་འགོ་བཏོན་པ།རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་གྱིས་མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་སྟེ་ཉེ་བའི་ལོ་ཤས་ནང་ལྗོངས་ཡོངས་ཁྲིམས་ཁང་གིས《མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་ལས་དོན་ཁག་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་བརྒྱུད་མིག་སྔར་རང་ལྗོངས་སུ་མི་དམངས་མཉམ་ཞུགས་གྱོད་ཞིབ་པ་745ཡོད་པ་དེ་2006ལོ་ལས་ལྡབ་4.43འཕར་བ་དང་མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་དཔུང་ཁག་གི་ཡོངས་ཁུངས་དེ་བས་ཆེ་རུ་ཕྱིན་པ་དང་།དོ་དམ་དེ་བས་ཚད་ལྡན་དུ་ཕྱིན་པ།ནུས་པ་དང་བྱང་ཚད་དེ་བས་མཐོ་རུ་ཕྱིན་པ།ལས་ཀའི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་པ་བཅས་བྱུང་བ།རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཕེ་ཀྲུང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་ཟ་ལྐོག་རྔན་ལེན་མཁན་འགོག་པའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གནང་ནས་2009ལོ་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་མཐོ་རིམ་ཞིབ་དཔྱོད་ཁང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིབ་བཤེར་ཐག་གཅོད་དང་ལྐོག་ཟ་ལྐོག་རྔན་ལེན་པའི་ཉེས་གསོག་སྔོན་འགོག་གི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་རང་ལྗོངས་ཀྱི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས།ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་བཅས་རེད། །