མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུའི་ཐོག་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-26 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་23ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུ་འཚོགས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཟླ་7ཚེས་17ཉིན་ནས་ཚེས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བློ་མཐུན་མོང་ཅན་ཀྲུའུ་ཡིས་རང་ལྗོངས་ཀྱི་གྲོང་ཁྱེར་དང་།འབྲོག་ཁུལ།སྲིད་ཁྲིམས་ལས་ཁུངས།སྡེ་ཁུལ།ཁེ་ལས།དགོན་སྡེ།སློབ་གྲྭདམག་སྒར།དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཁྱིམ་དུད་བཅས་སུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་འཕེལ་རྒྱས་བརྟན་ལྷིང་ལས་དོན་དང་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུའི་ཐད་བརྟག་ཞིབ་ནན་ཏན་གནང་ཁར་གསུང་བཤད་གལ་ཆེན་ཡང་གནང་བ་རེད།ཧྲུའུ་ཅི་མོང་ཅན་ཀྲུའུ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དེས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་པ་མ་ཟད།བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་བརྩེ་སེམས་ཟབ་མོ་བཅངས་ལུགས་ཀྱང་མཚོན་ཡོད།ཧྲུའུ་ཅི་མོང་ཅན་ཀྲུའུ་ཡི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམིགས་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་ནན་ཏན་གྱིས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་དེ་ཐོག་ནས་བོད་ཀྱི་ལས་དོན་ལ་ཏང་ཀྲུང་དབྱང་གིས་མཐོང་ཆེན་དང་ཁས་ལེན་གང་ལེགས་གནང་ལུགས་དང་།བོད་མི་དམངས་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་མོ་དང་ལྕག་སྐུལ་ཟབ་མོ་གནང་ལུགས།བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས།ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཐུན་སྦྱོར་ཚོགས་ཆུང་དང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དང་བླང་བྱ་བཅས་གང་ལེགས་མངོན་ནས་དམིགས་ས་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད།རིམ་ཁག་སྡེ་ཚན་ཁག་དང་ལྷག་དོན་དུ་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་པ་དེ་དེང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྟོབས་ཤུགས་དང་དུས་ཚོད་གཅིག་སྡུད་ཀྱིས་སློབ་སྦྱོང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐོག་བསམ་བློའི་དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པ་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང་“བོད་རྒྱུན་མཐུད་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱ་རྒྱུའི”མཛུབ་སྟོན་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་ཐོབ་ཐབས་།རྨང་གཞི་བརྟན་གཏོང”བཅས་ཀྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།བོད་ཀྱི་ལས་དོན་སྐོར་གྱི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡི་མཆན་འགོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།ཀྲུང་དབྱང་གི་སྲིད་ཁྲིམས་སྒྲིག་གཞི་སྒྱུར་བཅོས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་ས་གནས་ཁག་གི་དོན་དངོས་དང་བསྟུན་ནས་ཞིབ་ཕྲའི་ལག་བསྟར་དོན་འཁྱོལ་བྱ་ཐབས་ཞིབ་བཟོ་བྱ་རྒྱུ་དང་འབྲེལ་དེ་མཛུབ་སྟོན་དང་སྒུལ་ཤུགས་སུ་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་བསམ་པའི་སྒུལ་ཤུགས་སུ་བརྩིས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་ནན་བཤད་གནང་བ་སྟེ།

གཅིག་ནི་དུས་བབ་གསལ་རྟོགས་དང་ཉེན་བརྡ་རྒྱུན་སྒྲོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་ལ་ངོས་འཛིན་ཟབ་མོ་བྱས་ཏེ་དོགས་ཟོན་ཆེར་བསྐྱེད་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་།སྟེས་དབང་དང་བག་གཡེང་གི་བསམ་བློ་དང་ལྷོད་གཡེང་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ།མ་མཐའི་མཚམས་ཐིག་གི་བསམ་བློ་ཤུགས་ཆེར་གཏོང་བ།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམག་རེ་རེ་བཞིན་བརྒྱབ་སྟེ་ཐག་གཅོད་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་འགན་ལེན་བྱེད་པ་དང་།

གཉིས་ནི་བྱེད་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས།སྲིད་དབང་དང་།ཁྱོན་ཡོངས།སེམས་ཁྲལ།འགན་འཁྲི་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགལ་བ་དང་དཀའ་ཚེགས་ཀྱི་མདུན་དུ་བྱེད་ཕོད་པ་དང་།འགན་འཁུར་ཕོད་པ།བློས་གཏོང་ཕོད་པ་བཅས་བྱས་ནས་ལས་གནས་དེའི་ཐོག་འགན་འཁུར་རིང་སྲིད་སྐྱོང་ལས་དོན་བསྒྲུབས་ནས་ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་རྒྱུ་མེད་པ།

གསུམ་ནི་རང་འགུལ་ངང་བཅོས་སྒྲིག་དང་རང་འགུལ་སྟངས་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཀྱི་མདུན་དུ་བློ་ཐག་ཆོད་པོས་འཐབ་ཇུས་འདོན་པ་དང་།རང་འགུལ་ངང་ཕར་རྒོལ་བྱེད་པ།རལ་གྲི་འཕྱར་ཕོད་པ།རྡུང་རྡེག་ཚ་ནན་དང་བྱེད་ཐབས་ནན་པོ་སྤྱད་དེ་འབྱུང་རྩ་འདེད་པ་དང་ཚ་འདེད་དྲག་རྡུང་བྱས་ནས་སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ།

བཞི་ནི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་དང་ཕྱོགས་མང་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།བོད་ནི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་ལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མ་ཡིན་པའི་དོན་དངོས་དང་ཟུང་འབྲེལ་གྱིས་མི་སེམས་ཐོབ་རྒྱུར་དམ་འཛིན་བྱེད་ཞོར་དུ་རྡུང་རྡེག་དྲག་པོ་གཏོང་རྒྱུར་དམ་འཛིན་བྱས་ཏེ་ཕྱོགས་མང་མཉམ་འགུལ་དང་།གཅིག་འདོམས་ལྟ་རྟོགདམིགས་སའི་རང་བཞིན་ཆེར་གཏོང་བཅས་བྱས་ནས“མཉམ་ཤུགས་ཀྱི་ལས་དོན”བསྒྲུབས་ཏེ་སྲིད་ཇུས་ལེ་ལག་ཚང་བ་དང་ལས་ཀར་མཉམ་ཤུགས་ཆགས་པ་བྱེད་པ།

ལྔ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་པ།

དྲུག་ནི་མཉམ་འགོག་མཉམ་བཅོས་བྱས་ནས“ལྕགས་རི་རིང་པོ”བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།མང་ཚོགས་དང་འབྲེལ་བ་བྱེད་པ་དང་།མང་ཚོགས་ལ་བརྟེན་པ།མང་ཚོགས་སྐུལ་སློང་བྱེད་པ།མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ཐོག་ནས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཚོའི་ཧུར་སེམས་དང་རང་རྟོགས་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནམ་རྒྱ་ས་རྙི་ཚགས་དམ་དུ་དང་བརྟན་ལྷིང་སྲུང་སྐྱོང་གི་ངར་ལྕགས་ཀྱི་ལྕགས་རི་རིང་པོ་བརྟན་དུ་གཏོང་བ།

བདུན་ནི་རྨང་གཞི་བརྟན་གཏོང་དང་གཞི་རྩ་བརྟན་གཏོང་མཐའ་འཁྱོངས་བྱེད་དགོས།སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རྒྱུ་དངོས་གསུམ་གཞི་རིམ་གྱི་རྨང་གཞིར་ཕྱོགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་།སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རྩ་སྔར་བས་བརྟན་དུ་གཏོང་བ།

བརྒྱད་ནི་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས།བྱ་ཐབས་དངོས་འདོན་པ་དང་།བྱ་བ་དངོས་སྒྲུབ་པ།ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་དུས་ཚོད་དམ་འཛིན་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་སྙིང་རུས་ལྷོད་མེད་དང་དམ་འཛིན་མཐར་ཕྱིན་བཅས་བྱས་ནས་ཕན་འབྲས་ཐོན་པ་བྱེད་པ།

དགུ་ནི་དོན་ཆེན་གཉིས་དང་ཚན་ཁག་གཉིས་མཐའ་འཁྱོངས་བྱེད་དགོས།ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི“ལྟེ་བ་གཅིག”དང་།“དོན་ཆེན་གཉིས”“འགན་ལེན་བཞི”ལ་དམ་པོར་དམིགས་ནས་འཕེལ་རྒྱས་བརྟན་ལྷིང་གི་དོན་ཆེན་གཉིས་དམ་འཛིན་ཡག་པོ་བྱེད་དགོས།ལས་ཀའི་ཚན་ཁག་གཉིས་སྒྲིག་འཛུགས་བྱས་ནས་ཚན་ཁག་གཅིག་གིས་སེམས་ནུས་གཅིག་སྡུད་ཀྱིས་འཕེལ་རྒྱས་དམ་འཛིན་བྱེད་པ་དང་།ཚན་ཁག་གཞན་དེས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་རིམ་པས་རིམ་པ་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་བྱེད་པའི་འགན་འཁྲིའི་མ་ལག་འཛུགས་པ།

བཅུ་ནི་དམིགས་ཚད་ལ་དམ་པོར་དམིགས་ནས་བརྟན་ལྷིང་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བཀོད་སྒྲིག་ཞིབ་ཚགས་དང་།ཇུས་འགོད་ཞིབ་ཚགས།མ་འོངས་སྔོན་འགོག་བཅས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཐོན་མ་ཐག་མེད་པ་བཟོས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཞིག་སྲ་བརྟན་བཏང་ཐོག་ནུས་ཤུགས་ཡོད་རྒུས་རྒྱུན་མཐུད་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་བཅས་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག