མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་སྟོད་ལ་ཉིང་ཁྲི་ས་ཁུལ་གྱི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར6.25མངོན་འགྱུར་བྱུང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-25 11:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  “གནས་འདིའི་ཡུལ་ལྗོངས་ལྟ་བ་ཆོག་མི་ཤེས་པ་ཞིག་རེད། ང་ས་གནས་འདི་དང་ཁ་བྲལ་ན་མི་འདོད”ཞེས་ཀོང་པོ་རྒྱ་མདའ་རྫོང་ནས་གནས་སྐོར་ལྗོངས་རྒྱུ་བྱེད་པའི་ཧྲན་ཏོན་ཞིང་ཆེན་ཀྱི་གནས་སྐོར་བ་ཧན་ཅོན་གྱིས་དེའི་ལྟར་བསྔགས་བརྗོད་བྱེད་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་།  བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་རང་ས་གནས་ཀྱི་གནས་སྐོར་ལས་དོན་ལ་མཐོང་ཆེན་བྱས་ཤིང་།  སྐྱེ་ཁམས་གནས་སྐོར་བྱེད་སའི་གནས་མཆོག་གཙོ་ཡིན་པའི་རྣམ་པ་གསར་སྐྲུན་བྱས་པ་བརྒྱུད།  གནས་སྐོར་བ་མང་པོར་ཉིང་ཁྲི་ས་ཁུལ་དུ་ཡོང་ནས་གནས་སྐོར་བྱེད་པར་སྐུལ་འདེད་བྱས།  བསྡོམས་རྩིས་བྱས་པ་ལྟར་ན་ད་ལོའི་ལོ་སྟོད་ལ།  ས་གནས་འདིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི83.62སྣེ་ལེན་བྱས་པ་དང་དུས་མཉམ་ལས1.97%ཡར་འཕར། གནས་སྐོར་ཐད་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར6.25ལེགས་འགྲུབ་བྱུང་ཡོད་པ་དང་དུས་མཉམ་ལས4.39%ཡརའཕར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག