མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནན་ཅིང་བོད་སྐྱོར་གྱིས་མལ་གྲོ་གུང་དཀར་གྱི་འཕེལ་རྒྱས་འཆར་འགོད་བཏིང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-25 11:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་ནན་ཅིང་གྲོང་ཁྱེར་གྱིས“འཐབ་ཇུས་ཆེན་པོ་ལྔ”ལག་བསྟར་བྱ་རྒྱུ་དེ་དམ་འཛིན་བྱེད་སར་བྱས་ནས་དམངས་འཚོ་ལེགས་སུ་ཧུར་ཐག་གཏོང་བ་དང་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་སར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ལོ་གསུམ་གྱི་བོད་སྐྱོར་བྱ་སྤྱོད་འཆར་གཞི”ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ2016ལོར་སླེབས་སྐབས་མལ་གྲོ་གུང་དཀར་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ། ཁྲལ་བསྡུའི་ཡོང་འབབ་བཅས་སྒོར་དུང་ཕྱུར26དང་། སྒོར་དུང་ཕྱུར་10.2སྒོར་དུང་ཕྱུར20སོ་སོར་ཟིན་པ་དང་། ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར100ལོན་པ། སྒོར་དུང་ཕྱུར10ཡན་གྱི་ཁེ་ལས4སྐྱེད་སྲིང་བཅས་བྱ་རྒྱུ་ཡིན་པ་དེའི་ནང་སྒོར་དུང་ཕྱུར50ཟིན་པའི་ཁེ་ལས1སྐྱེད་སྲིང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡན་དབྱིང་ཅུན་གྱིས་གསར་འགོད་པར་བཤད་དོན། མལ་གྲོ་གུང་དཀར་རྫོང་གིས“ཐོན་ལས་སྟོབས་ཆེའི་རྫོང”གི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ས་མཐོའི་ས་གཙང་ལྷད་མེད་སྐྱེ་དངོས་ཐོན་ལས་དང་། གཏེར་ཐོན་གསར་སྤེལ་ཐོན་ལས། ལྷ་སའི་ཤར་རྒྱུད་རིག་གནས་སོས་དལ་དང་ལུས་གསོའི་ཡུལ་སྐོར་བྱེད་ཡུལ་དང་ཐོན་ལས་དཔལ་འབྱོར་སྤྱི་ཁྱབ་ཞིབ་སྤེལ་རྟེན་གཞི་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས2016ལོར་སླེབས་སྐབས་རྫོང་དེ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དང་།

ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ། ཁྲལ་བསྡུའི་ཡོང་འབབ་བཅས་སྒོར་དུང་ཕྱུར26དང་། སྒོར་དུང་ཕྱུར་10.2སྒོར་དུང་ཕྱུར20སོ་སོར་ཟིན་པ་དང་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར100ཟིན་པ་བྱ་རྒྱུ་དང་། སྒོར་དུང་ཕྱུར10ཡན་གྱི་ཁེ་ལས4སྐྱེད་སྲིང་བཅས་བྱ་རྒྱུ་ཡིན་པ་དེའི་ནང་སྒོར་དུང་ཕྱུར50ན་པའི་ཁེ་ལས1སྐྱེད་སྲིང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད། “ཁྲིམས་སྐྱོང་ལ་བརྟེན་ནས་རྫོང་བརྟན་ལྷིང་ཡོང་བའི”འཐབ་ཇུས་ལག་བསྟར་བྱེད་པའི་ཐད་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། དགོན་སྡེ་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་གྱི་དངོས་ཕན་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གཞི་རིམ་བརྟན་ལྷིང་གི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཐོག་ཡུན་རིང་བདེ་འཁོད་ཀྱི་རྨང་གཞིའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་རེད། “དམངས་འཚོར་བརྟེན་ནས་རྫོང་དུས་བདེ་ཡོང་བའི”འཐབ་ཇུས་ལག་བསྟར་བྱེད་པའི་ཐད་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སློབ་གསོའི་ཆུ་ཚད་མཐོར་གཏོང་གི་ལས་དོན་སྤེལ་ནས་སློབ་གྲྭ་ཆེ་མོ་བ་དབུལ་པོར་རོགས་སྐྱོར་བྱེད་པའི་ཆེད་དོན་བོད་སྐྱོར་མ་དངུལ་བཙུགས་ཏེ་རྫོང་སྨན་ཁང་སྒྱུར་བཀོད་དང་རིམ་སྤོར། ཤང་གྲོང་འཕྲོད་བསྟེན་ཁང་ཚད་གཞི་ལོན་པ། སྨན་དོན་མི་སྣའི་གསོ་སྦྱོང་རིམ་སྤོར། ལས་བྱེད་པ་དང་མང་ཚོགས་ཀྱི་ལོ་འཁོར་གྱི་གཟུགས་པོ་བརྟག་དཔྱད་བཅས་ཀྱི་འདུ་འགོད་ལག་བསྟར་བྱས་ཐོག་སྨན་བཅོས་འཕྲོད་བསྟེན་གྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་རོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ནས་གྲོང་ཚོའི་ལས་བྱེད་པ་སྤྱི་ཚོགས་འགན་བཅོལ་ནང་འཛུལ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་དམངས་ཕན་འདུ་འགོད་ལག་བསྟར་བྱས་ཏེ་རྫོང་ལྟེ་བའི་འགྲུལ་སྐྱེལ་ས་ཚིགས་དང་ཤང་གྲོང་ཁག་གི་སྤྱི་སྤྱོད་རླངས་འཁོར་ཁ་འགོག་ས་བསྐྲུན་ནས་ཤང་ཚང་མར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད། 2016ལོར་སླེབས་སྐབས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི1.5དང་། མི་རེའི་ཆ་སྙོམས་བཅོལ་དངུལ་སྒོར་ཁྲི་༡མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ40བཅས་ཟིན་པ་དང་རྒན་གསོ་དང་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ནས་ཁྱབ་པ་བཅས་བྱ་རྒྱུ་རེད། “རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས་ཡོང་བའི”འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ཤེས་དཔལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རིག་གནས་དམངས་ཕན་འདུ་འགོད་དང་ཆོས་ལུགས་དང་རིག་གནས་ཀྱི་ཤུལ་བཞག་སྲུང་སྐྱོབ་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཚོགས་པ་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་ཡོངས་ཀྱི་ཤེས་དཔལ་རྫོང་གྲོང་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་བཅས་བྱས་ཐོག2016ལོར་སླེབས་སྐབས་རྫོང་དེ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་འཕར་མའི་རིན་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་གི་བསྡུར་ཚད་བཟུང་ཚད5%ཟིན་པ་བྱ་རྒྱུ་རེད། “སྣོད་བཅུད་བཟང་བའི་རྫོང་སྐྲུན་པའི”འཐབ་ཇུས་ལག་བསྟར་བྱེད་པའི་ཐད་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་བཟང་བའི་རྫོང་གསར་གཏོད་ཀྱི་འདུ་འགོད་ལག་བསྟར་བྱེད་པ་དང་རྫོང་ཡོངས་སུ་ཁོར་ཡུག་གི་གད་སྙིགས་གཙང་སེལ་ཕྱོགས་བསྡུས་མ་ལག་བསྐྲུན་ཐོག2016ལོར་སླེབས་སྐབས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤེས་དཔལ་རྫོང་དུ་གྱུར་ཐུབ་པ་བྱ་རྒྱུ་བཅས་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག