མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ཀྱི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-25 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ལམ་འཁྲིད་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་བྱས་ཏེ་རྨང་བརྟན་དམངས་ཕན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད་པ་རེད།

བསམ་བློ་བཅིངས་འགྲོལ་དང་བསམ་ཕྱོགས་དྭངས་གསལ་ཡོང་བ་བྱས་ཤིང་། ས་ཁུལ་རྨང་བརྟན་གཞུང་ལས་ཁང་གིས་བསམ་བློའི་འདུ་ཤེས་རྩ་བ་ཡིན་པ་འདི་དམ་པོར་བཟུང་ནས་འཕེལ་རྒྱས་གཏོང་སེམས་ཞན་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱ་ཆེན་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་རྒྱུར་དམིགས་ཏེ་ཆེད་དོན་ཞིབ་འཇུག་བྱས་པ་དང“བསམ་བློ་བཅིངས་འགྲོལ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སློབ་སྦྱོང་དང་གྲོས་བསྡུར་བྱེད་སྒོ་སྤེལ་བར་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་རྣམས་བསམ་བློ་བཅིངས་འགྲོལ་དང་ལྟ་བ་བརྗེ་སྒྱུར་སྔར་བས་བྱ་རྒྱུར་སྐུལ་མ་བཏང་ཡོད། བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་བསམ་ཕྱོགས་གྲོས་འགོ998དང་། “སྤྱོད་ཚུལ་བཞི”དང“གནད་དོན་གཉིས”“ཉམས་ཞན་གཅིག”བཅས་སྐོར་གྱི་བསམ་འཆར་དང་གྲོས་འགོ104བཅས་བསྡུས་ནས་མི་ཀུན་གྱིས་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་དང་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཡོད་པ་བྱས་ནས་གྲོང་ཚོ་ཀུན་གྱིས་གསར་གཏོད་བྱེད་པ་དང་གསར་གཏོད་ཀྱི་ཐབས་ཡོད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད།

སློབ་སྦྱོང་དང་གྲོས་བསྡུར་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་མངའ་རིས་སུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་དུས་མཚུངས“གྲོང་ཚོར་བཅའ་སྡོད་ཀྱི་སྤྱོད་ཚུལ་ཇི་ལྟར་སྒྱུར་དགོས་པ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་རྒྱུར་དམིགས་པ་དང་། རྨང་བརྟན་དང་དམངས་ཕན་དབར་གྱི་འབྲེལ་བ་ཇི་ལྟར་བྱས་ནས་ཐག་གཅོད་ལེགས་པོ་བྱེད་དགོས་པ། ཞིང་འབྲོག་པའི་ཚུར་སྣང་ལན་ཆ་ཆེ་བའི་གླེང་ཁ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་པ”སོགས་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ་དང་སྦྲགས་འཕེལ་རྒྱས་བརྟན་ལྷིང་གི་བསམ་བློའི་རྨང་གཞི་དང་རྩ་འཛུགས་རྨང་གཞི་སྲ་བརྟན་བཏང་བ་བརྒྱུད་ཞིང་འབྲོག་ཁུལ་དུ“ནམ་ཡང་ཕྱིར་འཐེན་མི་བྱེད་པའི་ལས་དོན་རུ་ཁག་ཅིག”བཞག་ཡོད་པ་རེད།

འགན་འཁྲི་དོན་འཁྱོལ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་མཐུན་སྒྲིལ་དམ་ཟབ་བྱས་ནས“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་པ་དང་། རང་འགུལ་ངང་འཕེལ་རྒྱས་དང་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འདུ་ཤེས་བཙུགས་ཏེ་འགྱུར་མེད་ཀྱི་བསམ་པ་སྒོ་ཀུན་ནས་བསྒྱུར་ཏེ་སྒྱུར་བཅོས་སྒོ་དབྱེའི་ཐད་ཚད་བརྒལ་གསར་པ་ཡོང་རྒྱུར་འབད་བརྩོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཐད་འཕེལ་རིམ་གསར་པ་ཡོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཐད་ཕན་འབྲས་གསར་པ་མཐོང་རྒྱུ་ཡོད་པ་བཅས་བྱས་ཡོད། མིག་སྔའི་བར་ས་ཁུལ་གྱི་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་རྨང་བརྟན་དམངས་ཕན་གྱི་རྣམ་གྲངས20ལྷག་ཙམ་མཐུན་སྦྱོར་བྱས་ཏེ་མང་ཚོགས་ཚོར་བྱ་བ་དངོས་དང་བྱ་བཟང90ལྷག་ཙམ་བསྒྲུབས་པར་མ་དངུལ་སྒོར་ཁྲི130ཙམ་བཏང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག