མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མིན་ཅན་ཀྲའོ་ཡིས་མུ་མཐུད་དུ་སྤྱི་ཚོགས་བཅོས་སྐྱོང་བྱས་ཏེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་བོད་ལྗོངས་ཀྱི་ཡུན་རིང་གི་འཕེལ་རྒྱས་བདེ་འཇགས་ལ་བྱས་རྗེས་གསར་བ་འཇོག་དགོས་པར་བསྟན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-24 11:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲའོ་ཉེ་ལམ་བོད་ལྗོངས་ལ་ཕེབས་ནས་བརྟག་དཔྱད་བྱེད་སྐབས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གིས་བོད་ལྗོངས་བྱ་བར་གནང་བའི་རྩ་དོན་སྲིད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་།  ནང་སྒོས་སུ“རྒྱལ་ཁབ་སྐྱོང་བར་མཐའ་མཚམས་བདེ་འཇགས་གཏོང་དགོས་པ་དང་།  མཐའ་མཚམས་སྐྱོང་དགོས་ན་བོད་ལྗོངས་ཀྱི་བདེ་འཇགས་དོ་སྣང་བྱེད་དགོས་པར”ལག་ལེན་མཐར་ཕྱིན་བྱས་པ་བརྒྱུད། མུ་མཐུད་དུ་སྤྱི་ཚོགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ།  རིགས་སོ་སོའི་མང་ཚོགས་ཀྱི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ཞབས་ཞུ་སྒྲུབ་པ་སོགས་བོད་ལྗོངས་ཀྱི་དུས་ཡུན་རིང་བའི་བདེ་འཇགས་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཟླ7པའི་ཚེས17ཉིན་ནས་ཚེས23ཉིན་བར། མིན་ཅན་ཀྲའོ་སྔ་གཞུག་ཏུ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་ལ་ཕེབས་པ་དང་། གཞི་རིམ་གྱི་སྲིད་ཁྲིམས་ལས་ཁུངས་དང་སྲང་ལམ་འདུས་ཁུལ། རོང་འབྲོག་སྡེ་བ། སློབ་གྲྭ་དང་ཁེ་ལས་སོགས་ལ་ཕེབས་ནས་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་སྲིད་ཁྲིམས་ཉེན་རྟོག་པར་མཛའ་བརྩེ་ངང་འཚམས་འདྲི་གནང་ནས།  སྔར་ལས་ལྷག་པར་བོད་ལྗོངས་ཀྱི་བདེ་འཇགས་བྱ་བར་ལེགས་པོ་སྒྲུབ་པར་བརྟག་དཔྱད་གནང་། ཁོང་གིས་བོད་ལྗོངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་ལ་རག་ལས་ཡོད་ལ།  ཁ་བྲལ་ལ་ངོ་རྒོལ་བྱེད་པ་ནི་དུས་ཡུན་རིང་བའི་ལས་འགན་ཞིག་ཡིན་པར་ངེས་ཤེས་ཟབ་མོ་ཡོད་དགོས་བར་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཐད་ཤུགས་སྣོན་དགོས་པ་མ་ཟད། ཐོག་མཐའ་བར་གསུམ་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པ་ནི་བོད་ལྗོངས་བདེ་འཇགས་འཕེལ་རྒྱས་ཀྱི་ཆབ་སྲིད་ལས་འགན་དང་པོ་རུ་འཇོག་དགོས།  བློ་བརྟན་འགྱུར་མེད་ཀྱིས་ཁ་བྲལ་བྱ་སྤྱོད་སྣ་ཚོགས་དང་འཇིགས་སྐུལ་སྤྱོད་ངན་སོགས་ཉེས་དོན་གཙོ་གནད་ལ་རྡུང་རྡེག་བྱས་ནས་དོན་དངོས་སྟེང་རྒྱལ་ཁབ་ཀྱི་གཅིག་གྱུར་དང་སྤྱི་ཚོགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་བསྟན།

མིན་ཅན་ཀྲའོ་ད་རུང་ལྷ་ལྡན་གཙུག་ལག་ཁང་དང་འབྲས་སྤངས། སེ་ར་སོགས་དགོན་ཆེན་དུ་འཚམས་འདྲི་ཕེབས་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་གྲྭ་བཙུན་འཐུས་མི་དང་སྡེ་བ་རུ་སྡོད་པའི་ལས་བྱེད་པ་དང་བཞུགས་མོལ་གནང་། ཁོང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཕྱོགས་ཀྱིས་དུས་རབས་རིམ་བྱོན་དགེ་བའི་བཤེས་གཉེན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་ཁ་བྲལ་བྱ་སྤྱོད་ངོ་རྒོལ་བྱེད་དགོས་པ་དང་།  ཆོས་ཁྲིམས་བརྩི་བ་དང་སྒྲུབ་སྦྱོང་ནན་ཏན་སྒོས་བྱེད་པ་བཅས་མུ་མཐུད་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱས་རྗེས་འཇོག་དགོས་པར་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག