མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོས་མ་དངུལ་འབོར་ཆེན་བཏང་སྟེ་བོད་ལྗོངས་དགོན་སྡེ་ཡོངས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-24 11:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2014ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་བོད་ལྗོངས་ནས་ཆགས་པའི་དགོན་སྡེ་ཡོངས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་རྩ་བ་ནས་ཐག་གཅོད་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་སྐོར་གཟིགས་པ་བཀྲ་ཤིས་ཀྱིས་ད་ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར4.95བཏང་ནས།  བོད་ལྗོངས་ཀྱི་དགོན་སྡེ1466གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་རྒྱུ་ཡིན་ལ།  སྔོན་རྩིས་ལྟར་ན་རྣམ་གྲངས་འདི་ལག་བསྟར་བྱས་པ་ལས་མི་གྲངས་ཁྲི5ལྷག་ལ་ཕན་ཁེ་ཐོབ་པ་མ་ཟད། ད་རུང་དགོན་སྡེ་དང་དགོན་སྡེའི་དོ་དམ་མི་སྣ།  ཉེ་འགྲན་གྱི་མང་ཚོགས་བཅས་ལ་ཕན་ཁེ་ཐོབ་ངེས་ཟེར།

བཀྲ་ཤིས་ཀྱིས་བཤད་རྒྱུར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་མང་ཆེ་ཤས་རི་འགོ་དང་རི་རྐེད།  ཡང་ན་མཐའ་མཚམས་ས་ཁུལ་དུ་ཆགས་ཡོད། དེས་སྟབས་ཀྱིས་ཐེངས་འདིའི་དགོན་སྡེའི་ཆུ་འདོན་བཟོ་འགོད་འཛུགས་སྐྲུན་རྣམ་གྲངས་རིམ་པ་གསུམ་དུ་བགོས་ཡོད་པ་དང་།  གཅིག་ནི་རི་སྟེང་ནས་ཁྲོན་ཆུ་བརྐོས་ནས་གློག་ཤུགས་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་པ། གཉིས་ནི་ལྕགས་མདོང་ལ་བརྟེན་ཆུ་ལེན་པ། གསུམ་པ་ནི་ཁྲོན་ཆུ་བརྐོ་བར་བརྟེན་ནས་གྲྭ་བཙུན་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཡིན།

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱིས་འདོན་སྤྲོད་བྱས་པའི་གྲངས་ཀ་ལྟར་ན། 2005ལོ་ནས2013ལོ་བར་རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར22.28བཏང་ནས། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་དང་ཞིང་སྡེའི་དགེ་སློབ་ཁྲི242ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་དང་།  ཉེ་ལམ།  བོད་ལྗོངས་རོང་འབྲོག་ཁུལ་དུ་རང་འབབ་ཆུ་བེད་སྤྱོད་བྱེད་མཁན86%ལ་སླེབས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག