ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གྱི་སྔ་དྲོར། རྒྱལ་ཁབ་གསར་འགྱུར་པར་བསྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་རྒྱུ་སྤུས་བརྟག་དཔྱད་ལྟེ་གནས་བོད་སྐད་ཡིག་ཡན་ལག་ལྟེ་གནས་བཙུགས་པའམ། བོད་སྐད་ཡིག་པར་བསྐྲུན་ཕྱོགས་ཀྱི་རྒྱུ་སྤུས་བརྟག་དཔྱད་བྱ་བའི་བཞུགས་མོལ་ཚོགས་འདུ་ལྷ་ས་ནས་བསྡུས། རྒྱལ་ཁབ་གསར་འགྱུར་པར་བསྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡན་ཞའོ་ཧོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མིན་ཏའེ་ལོས་ཚོགས་འདུ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཚོགས་འདུ་ལས་བོད་སྐད་ཡིག་ཡན་ལག་ལྟེ་གནས་ནི་རྒྱལ་ཡོངས་ནས་མི་རིགས་ས་ཁུལ་ནས་བཙུགས་པ་དང་། མི་རིགས་ཀྱི་སྐད་ཡིག་ལ་ཁ་གཏད་ཡོད་པའི་པར་བསྐྲུན་ཐོན་རྫས་རྒྱུ་སྤུས་བརྟག་དཔྱད་ལྟེ་གནས་དང་པོ་ཡིན། ཡན་ལག་ལྟེ་གནས་བཙུགས་པ་དེས་སྔར་ལས་ལྷག་པར་བོད་སྐད་ཡིག་གི་པར་བསྐྲུན་ཐོན་རྫས་རྒྱུ་སྤུས་བརྟག་དཔྱད་བྱེད་པའི་རིམ་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་བ་མ་ཟད། སྔར་ལས་ལྷག་པར་ཐོན་ཁུངས་ཧྲག་བསྡུ་བྱེད་པ་དང་གཅིག་གྱུར་གྱི་རྒྱུ་སྤུས་བརྟག་དཔྱད་ཚད་ལྡན་ཡོང་བ་བཅས་ལ་ཕན་འབྲས་ཡོད།
ཚོགས་འདུ་ལས་བོད་སྐད་ཡིག་རྒྱུ་སྤུས་བརྟག་དཔྱད་ཡན་ལག་ལྟེ་གནས་ཀྱི་རིག་ནུས་དང་ལས་འགན་ལ་ངེས་ཤེས་ཟབ་མོ་བཟུང་ནས་། བོད་སྐད་ཡིག་པར་བསྐྲུན་ཐོན་རྫས་ཀྱི་རྒྱུ་སྤུས་སྟེང་ནས་ཤུགས་སྣོན་པ་དང་། ནན་ནན་ཏིག་ཏིག་གིས་བོད་སྐད་ཡིག་ཡན་ལག་ལྟེ་གནས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས་པར་ནན་གྱིས་བསྟན། །