མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོའི་གློག་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་སྟེ་གཙང་གསུམ་རྒྱུགས་ཁུལ་མང་ཚོགས་ལ་བདེ་བ་སྐྲུན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-23 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌། བོད་རང་སྐྱོང་ལྗོངས་ཀྱིས་ཆབ་མདོའི་གློག་ཤུགས་གོང་འཕེལ་ལས་ཀར་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང༌། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཡས་ཤན་ཚོགས་འདུར་ཞུགས་ནས། ཁྲོན་བོད་དྲ་འབྲེལ་ལས་གཞིའི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང༌། གཙང་གསུམ་སྟོད་རྒྱུད་ཀྱི་ཆུ་གློག་ཐོན་ཁུངས་གསར་སྤེལ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ནུབ་གློག་ཤར་གཏོང་གི་རྒྱུན་མཐུད་ནུས་ཁུངས་རྟེན་གཞི་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

སྔར་ལས་ལྷག་པའི་སྒོ་ནས། ཆབ་མདོའི་གློག་ཤུགས་མཁོ་འདོན་དང་དགོས་མཁོའི་འགལ་ཟླ་སེལ་བ་དང་། གློག་ཤུགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ལྷག་པར་དུ་ནུབ་གློག་ཤར་གཏོང་གི་རྒྱུན་མཐུད་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་དཀའ་གནད་སེལ་ཆེད། ཏེང་ཡས་ཤན་གྱིས་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་ཚན་པ། ཆུ་གློག་གསར་སྤེལ་ཁེ་ལས་ཆེ་གྲས་བཅས་ཀྱིས་ཁྲོན་བོད་དྲ་འབྲེལ་ལས་གཞི་འཛུགས་སྐྲུན་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གློག་ཤུགས་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་པ། བོད་རང་སྐྱོང་ལྗོངས་ཀྱི་ཐིང་དང་ཅུས་ཁག་གིས་མུ་མཐུད་ནས་ཆབ་མདོའི་གློག་ཤུགས་གོང་འཕེལ་ནང་འཕྲད་པའི་དཀའ་ངལ་སེལ་རོགས་བྱས་ནས། གཙང་གསུམ་གྱི་ཕུན་སུམ་ཚོགས་པའི་ཆུ་ནུས་ཐོན་ཁུངས་གང་མགྱོགས་གསར་སྤེལ་བྱས་ཐོག་ནུབ་གློག་ཤར་གཏོང་གི་རྒྱུན་མཐུད་ནུས་ཁུངས་རྟེན་གཞི་གཏོད་པ་དང༌། ཐོན་ཁུངས་ཀྱི་ཆ་རྐྱེན་དེ་དཔལ་འབྱོར་གྱི་ཆ་རྐྱེན་ལ་འགྱུར་བ་བྱེད་པ། ཆབ་མདོའི་དཔལ་འབྱོར་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག