མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཚྭ་ལས་སྤྱིའི་ཀུང་ཟིའི་སྤྱི་གཉེར་བ་དང་ལག་རོགས་པ་ཁྲིམས་འཛིན་སྡེ་ཁག་ལ་སྤྲད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-23 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུ་ལྟ་ཞིབ་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྒྲིག་ཨུས་བོད་རང་སྐྱོང་ལྗོངས་ཚྭ་རིགས་སྤྱིའི་ཀུང་ཟི་ཡི་སྤྱི་གཉེར་བ་ཁྲིན་རོང་ཧྲིག་དང་། སྤྱི་གཉེར་བའི་ལག་རོགས་དང་འཆར་འགོད་ནོར་དོན་པུའུ་ཡི་ཀྲུའུ་རེན་བཀྲ་ཤིས་བདེ་སྐྱིད་ཀྱིས་ལྐོག་ཟ་དང་གཞུང་དངུལ་སྒེར་སྤྱོད། རྒྱལ་ཁབ་ལ་དབང་པའི་རྒྱུ་ནོར་སྒེར་གྱིས་བགོས་པའི་གྱོད་གཞིར་ཞིབ་གཅོད་བྱས་པ་དང་། རྟོག་ཞིབ་མི་སྣས་ལས་ཀ་གང་མགྱོགས་བྱས་པ་བརྒྱུད་ནས་ཚར་ཏེ་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་པ་རེད།

བརྟག་དཔྱད་ལྟར་ན། ཁྲིན་རོང་ཧྲིག་དང་བཀྲ་ཤིས་བདེ་སྐྱིད་ཀྱིས་གོ་དབང་སྤྱད་དེ་ཚྭ་ཡི་མ་རྩ་དང་དབོར་གླ བརྒྱུད་སྐྱེལ་གླ་ཆ་སོགས་མང་དུ་བརྩིས་པའི་ཐབས་ཤེས་བཏང་ནས་ནོར་དོན་ཁ་གསབ་མ་དངུལ་བླངས་ཏེ། སྒེར་གྱི"ནོམ་མཛོད"བཙུགས་པར་ཁྱོན་སྒོར22,534,986.17མཆིས། གཞན་གུང་གསེང་གི་ཕོགས་དངུལ་དང་ལོ་མཇུག་བྱ་དགའ། ཕན་བདེ་སོགས་ཀྱི་མིང་ཐོག་ནས་རྒྱལ་ཁབ་ཀྱི་རྒྱུ་ནོར་སྒོར་ཁྲི730སྒེར་འཛིན་བྱས། དེ་དང་མཉམ་དུ་ཁྲིན་རོང་ཧྲིག་གིས"ནོམ་མཛོད་ཆུང་ངུ"ལས་སྒོར་ཁྲི483ཧམ་ཟ་བྱས་པ་དང་། གཞུང་དངུལ་སྒོར131,159སྒེར་གྱིས་སྤྱད་པ་རེད། བཀྲ་ཤིས་བདེ་སྐྱིད་ཀྱིས་རང་གིས་དོ་དམ་བྱེད་ཀྱིན་པའི་ལས་ཁུངས་གི"ནོམ་མཛོད"ལས་སྒོར3211004ཧམ་ཟ་བྱས་ཤིང་། ད་དུང"ནོམ་མཛོད"ལས་སྒོར་ཁྲི300བླངས་ཏེ་གཞན་ལ་བཅོལ་བ་རེད།

ཁྲིན་རོང་ཧྲིག་དང་བཀྲ་ཤིས་བདེ་སྐྱིད་ཀྱི་གོང་སྨྲས་སྤྱོད་པ་འདི་སྒྲིག་ལམ་ལ་ཚབས་ཆེར་འགལ་བ་མ་ཟད་ཉེས་ཁྲིམས་དང་ཡང་འགལ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་ནས་ཁྲིན་རོང་ཧྲིག་ཏང་དང་གཞུང་ལས་གཉིས་ཀ་ནས་དབྱུང་བར་ཐག་བཅད་པ་དང་། བཀྲ་ཤིས་བདེ་སྐྱིད་ཏང་ནས་དབྱུང་རྒྱུ་དང་སྲིད་འཛིན་ཉེས་ཆད་བཅད་དེ་ཚོང་དོན་ཐིན་གྱིས་འབྲེལ་ཡོད་རྩ་དོན་ལྟར་ཐག་གཅོད་རྒྱུ་བྱས། ཁོ་གཉིས་ཀྱི་ཁྲིམས་འགལ་བྱས་པ་ལས་ཐོབ་པའི་རྒྱུ་དངུལ་གཞུང་བཞེས་དང་། ཉེས་གསོག་གནད་དོན་དང་འབྲེལ་བའི་ཁུངས་སྣེ་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་དུ་འཇུག་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག