མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱི་གསར་དུ་བཞེངས་པའི་གྲྭ་ཚང་འདུ་ཁང་ཕྱི་རོལ་ལ་སྒོ་འབྱེད་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-23 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་གསུམ་གྱི་ཡར་སྔོན་ནས་བཟུང་གསར་བཞེགས་བྱེད་འགོ་བརྩམས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་བཀྲ་ཤིས་ལྷུན་པོ་དགོན་པའི་ཐོས་བསམ་གླིང་ལ། དགོན་སྡེ་གྲྭ་བཙུན་དག་གིས་མཉམ་དུ་རབ་གནས་བྱས་རྗེས། ཉེ་ཆར་དངོས་སུ་ཕྱི་རོལ་དུ་སྒོ་འབྱེད་བྱས་ཡོད་པ་རེད།

ཆོས་གྲྭ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ཁག་སོ་སོར་ཡོད་པའི་ཆོས་ལུགས་སྒྲུབ་སྦྱོང་བྱ་གནས་ཤིག་ཡིན། བཀྲ་ཤིས་ལྷུན་པོ་དགོན་དུ་ཐོས་བསམ་གླིང་སོགས་ཆོས་གྲྭ་ཆེན་པོ་བཞི་ཡོད།

ཉེ་བའི་ལོ་འགའི་རིང་དུ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རིག་དངོས་གནའ་མཁར་དག་ལ་སྲུང་སྐྱོང་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེ་བཏང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 1.18བཏང་ཡོད་པའི་བཀྲ་ཤིས་ལྷུན་པོ་དགོན་གྱི་ཞིག་གསོ་ལས་གཞི་ལོ་ལྔ་ཚན་བཅུ་གཅིག་རིང་དུ་ལེགས་འགྲུབ་བྱུང་ཡོད། ཞིག་གསོ་ལས་གཞིའི་ཁྲོད་དུ་འཛམ་གླིང་སྟེང་ཆེས་མཐོ་བའི་གསེར་ལི་མའི་བྱམས་སྐུ་ཆེན་མོ་དང་ཐོས་བསམ་གླིང་སོགས་འདུས་ཡོད་པ་རེད།

ཚེས 20ཉིན་གྱི་སྔ་དྲོར། བཀྲ་ཤིས་ལྷུན་དགོན་དུ་བསང་དུད་ལང་ལུང་འཕྱུར་བ་དང་དྲི་ངད་ཕྱོགས་ཀུན་ཁྱབ་བཞིན་ཡོད་ལ། དུང་སྒྲ་སྙན་མོ་བསྒྲགས་པ་དང་མཉམ་དུ། དགོན་སྡེ་བླ་མ་དག་ཐོས་བསམ་གླིང་དུ་ཕེབས་པ་དང་། ཆོས་གྲྭའི་ནང་རོལ་གྱི་མཆོད་བཤམས་བྱས་ཡོད་པའི་རྟེན་རྫས་ཁག་ལ་མཇལ་སྐོར་བྱས་རྗེས། གདན་ཐོག་ཏུ་བུད་ནས་གྲྭ་བཙུན་བརྒྱ་ཕྲག་མང་པོས་མཉམ་གཅིག་ཏུ་གསོལ་བ་སྨོན་ལམ་འདེབས་པའི་ཆོས་སྒྲ་སྙན་མོ་ཆུ་ཚོད་གསུམ་ཙམ་གྱི་རིང་དུ་རྒྱུན་འཁྱོངས་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གསོལ་བ་སྨོན་ལམ་བཏོན་པའི་རྗེས་སུ། ཐོས་བསམ་གླིང་དངོས་སུ་བཀྲ་ཤིས་ལྷུན་པོ་དགོན་གྱི་བཙུན་པ་ཚོས་རྣམ་རྒྱུན་གྱི་སྒྲུབ་སྦྱོང་བྱ་ཡུལ་དུ་བཀོལ་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མགྲོན་པོ་ཚོས་གཟུགས་མོ་གནང་ཡུལ་གཙོ་བོ་ཡིན་པ་རེད།

གསར་འགོད་པས་མཐོང་བ་ལྟར་ན། ཐོས་བསམ་གླིང་ལ་བསྡོམས་པས་རྩེག་རིམ་གསུམ་ཡོད་ལ། རྩེག་དང་པོར་གོས་ཚོན་སྣ་ལྔའི་མཐའ་རྒྱན་དང་ལྡེབས་རིས། ཐང་ག་སོགས་མཛེས་སྡུག་དང་བརྗིད་ཉམས་སྨད་དུ་བྱུང་། རྩེག་རིམ་གཉིས་པ་དང་གསུམ་པ་རུ་ལྟོས་བཅས་ཀྱིས་ཅུང་སྟབས་བདེ་ཡིན་པ་དང་། ཚོན་རྩིའི་དྲི་མ་ད་དུང་ཡལ་མེད་དུ་སྣང་།

བཀྲ་ཤིས་ལྷུན་པོའི་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པས་གསུངས་རྒྱུར། ཐོས་བསམ་གླིང་ལ་དུས་མཉམ་གཅིག་ཏུ་གྲྭ་བཙུན་དགུ་བརྒྱ་ལྷག་སྡོད་ཐུབ་པ་དང་། དངོས་སུ་སྒོ་འབྱེད་བྱས་རྗེས། བཙུན་པ་ཚོས་རྣམ་རྒྱུན་གྱི་སྒྲུབ་སྦྱོང་བྱ་གནས་སུ་བཀོལ་པ་རེད། རྒྱ་ཆེའི་ཡུལ་སྐོར་མགྲོན་པོ་ཚོ་གནས་དེར་ཕེབས་ནས་ལྟ་སྐོར་བྱས་ཏེ། བཀྲ་ཤིས་ལྷུན་དགོན་གྱི་བཙུན་པ་ཚོས་འཚོ་བ་དང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པར་རྒྱུས་ལོན་བྱེད་ཆོག་པ་རེད།

བཀྲ་ཤིས་ལྷུན་དགོན་ནི་བོད་ལྗོངས་གཞིས་ཀ་རྩེ་ཉི་མ་རི་བོའི་འདབས་སུ་ཆགས་ཡོད་ལ། ས་ཁོངས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི 23.7ཡོད། དགོན་སྡེ་དེ་ནི 1447 ལོར་བཞེངས་པ་དང་། 1713ལོར་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་སུ་གྱུར། 1961ལོའི་ཟླ3 པར། བཀྲ་ཤིས་ལྷུན་དགོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིག་དངོས་སྲུང་སྐྱོང་སྡེ་ཁག་གཙོ་བོར་བཀོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག