མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རང་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་འབེན་ས་ཁུལ་དུ་འཛུགས་སྐྱོང་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-23 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཁའ་དབྱངས་ཀྱི་བོད་ལྗོངས་ནི་དེ་འདྲའི་རྒྱང་ཐག་མི་རིང་བར་མེད་ལ། མི་ཡུལ་ཁམས་ཀྱི་ཤམ་བྷ་ལྷ་ནི་ང་ཚོའི་ཉེ་འགྲམ་དུ་ཡོད། ངོ་མཚར་ཡིད་དུ་འོང་བའི་མཐོ་སྒང་གི་མཛེས་ལྗོངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་གངས་ལྗོངས་རིག་གནས་ཀྱིས། བོད་ལྗོངས་ནི་མི་རྣམས་ཡིད་སྨོན་འཁྱོར་སའི་ཡུལ་སྐོར་གནས་མཆོག་ཞིག་ཏུ་གྱུར་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། ངོ་མཚར་བའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ལྟད་མོར་བཀྲམ་པས། ལོ་རེ་རེར་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་ལྗོངས་རྒྱུ་བྱེད་པར་ཡིད་འགུག་བྱས་ཡོད། དེ་དང་དུས་མཚུངས་སུ། བོད་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ལ་སྔར་ལས་གསོན་ཤུགས་རབ་ཏུ་རྒྱས་ཏེ། རིམ་བཞིན་ཚོང་རྟགས་གལ་ཆེན་ཞིག་ཏུ་གྱུར་བས། སྤྱི་ཚོགས་རིམ་པ་སོ་སོས་དོ་སྣང་ཟབ་མོ་ཐོབ་པ་རེད།

རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་ལ། ཡུལ་སྐོར་ནི་རིག་གནས་ཀྱི་ཕྱི་ཁེབས་ཡིན། ཉེ་བའི་ལོ་འགའི་རིང་དུ། ལྷ་ས་གྲོང་ཁྱེར་གྱིས་ཕུལ་བྱུང་ཁྱད་ལྡན་མི་རིགས་རིག་གནས་ཀྱིས་ཡུལ་སྐོར་ཐོན་ལས་ཐད་ལ་ནུས་པ་གལ་ཆེན་བཏོན། ཤུགས་ཆེན་པོས་ཡུལ་སྐོར་ཐོན་ལས་དང་ལྷག་པར་དུ་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐུལ་འདེད་བཏང་། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་འཛུགས་སྐྲུན་རྣམ་གྲངས་གཉེར་འགོ་བརྩམས་ཏེ། རིག་གནས་ཡུལ་སྐོར་གྱིས་སྣེ་ཁྲིད་ཐོན་ལས་བྱས་ཤིང་། མི་རིགས་རིག་གནས་འགྲེམ་སྟོན་དང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་འགྲེམ་འཚོང་། རིག་རྩལ་འཁྲབ་སྟོན་སོགས་གོང་བུ་གཅིག་ཏུ་འདུས་པའི་རིག་གནས་ཐོན་ལས་སྣ་འདུས་ཁུལ་འཛུགས་སྐྲུན་བྱས། དཔལ་འབྱོར་འཕེལ་རྒྱས་ཐབས་ལམ་བརྗེ་བསྒྱུར་ཇེ་མགྱོགས་དང་ཐོན་ལས་ཨང་གསུམ་པ་གསོ་སྐྱོང་རྒྱ་བསྐྱེད་བཏང་། མི་རིགས་ཁྱད་ལྡན་རིག་གནས་རྒྱུན་འཛིན་དར་སྤེལ་བཅས་བྱས་ཏེ། ཡུལ་སྐོར་མགྲོན་པོ་སོ་སོར་ལོ་ངོ་སྟོང་ཕྲག་རིང་གི་གནའ་མཁར་དེ་དང་ཁྱད་ཆོས་མངོན་གསལ་ལྡན་པའི་རང་བྱུང་མཛེས་ལྗོངས་ཚོར་མྱོང་བྱེད་དུ་བཅུག

གལ་ཆེ་བའི་འཛམ་གླིང་གི་ཡུལ་སྐོར་དམིགས་འབེན་དང་བོད་ལྗོངས་ཀྱི་ཡུལ་སྐོར་རིམ་འཕར་དགོས་ཚེ། སྔོན་ལ་འཛམ་གླིང་རིམ་པའི་ཡུལ་སྐོར་རིག་གནས་ཐོན་ཁུངས་གསོན་བསྒྱུར་བྱེད་དགོས་པ་རེད། ཉེ་བའི་ལོ་འགའི་རིང་དུ། གཞིས་ཀ་རྩེ་ས་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཤུགས་ཆེན་པོས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་། རྒྱུན་ཆད་མེད་པར་ངོ་མཚར་བའི་ཇོ་མོ་གླིང་མ་དང་བྱང་ཐང་། བཀྲ་ཤིས་པའི་གཞིས་ཀ་རྩེ་སོགས་ཡུལ་སྐོར་བརྗོད་བྱ་ཇེ་ཟབ་བཏང་། ལྷག་པར་དུ་ཇོ་མོ་གླིང་མ་དང་འབྲེལ་ཏེ་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གསར་སྤེལ་སྔོག་འདོན་བྱས་པས། གཞིས་ཀ་རྩེའི་ཡུལ་སྐོར་ས་ཁུལ་ཆེན་པོ་ནས་ས་ཁུལ་སྟོབས་ལྡན་དུ་མཆོང་སྐྱོད་ངང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ནུས་པ་གལ་ཆེན་ཐོན་ཡོད།

ཁྱད་ཆོས་ལྡན་པའི་ཡུལ་སྐོར་ནི་སྲོག་ཤིང་ཡིན་ལ། ཁྱད་ཆོས་དམིགས་བསལ་ལྡན་པའི་ཡུལ་སྐོར་ལ་ད་གཟོད་ཡུན་རིང་གནས་པའི་ཚེ་སྲོག་ནུས་ཤུགས་ལྡན། ཉེ་བའི་ལོ་འགའི་རིང་དུ། ལྷ་ཁ་ས་ཁུལ་གྱི་བཙན་པོའི་རྗེས་ཤུལ་སྙེག་པའི་འགྲུལ་སྐྱོད་ཅེས་པ་དང་བདེ་སྐྱིད་ཀྱི་བོད་ལྗོངས་སོགས་ཡུལ་སྐོར་ལམ་ཐིག་ལ་རྒྱ་ཆེའི་ཡུལ་སྐོར་མགྲོན་པོ་ཚོས་ཆ་རྒྱུས་ལོན་ཡོད། ཡར་འགྲོ་གཡུ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར་སོགས་ཡུལ་སྐོར་ཚོང་རྟགས་རབ་དང་རིམ་པ་བཙུགས་པས། ལྷོ་ཁ་ས་ཁུལ་གྱི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཕྱིར། ལྗོངས་ཡོངས་ཀྱི་ཆེས་སྔོན་གྲལ་དུ་གནས་ཡོད་པ་རེད།

ཡུལ་སྐོར་ལས་རིགས་ཀྱི་ཁེབས་རྒྱ་ཆེ་ལ། འབྲེལ་བའི་རང་བཞིན་དྲག་པ་དང་། སྐུལ་སློང་རང་བཞིན་ཆེ་བས། ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ས་ཁོངས་ཡུལ་སྐོར་འགྲན་ཤུགས་གོང་འཕར་གཏོང་བའི་བྱ་ཐབས་ནུས་ལྡན་ཡིན། མང་ཚོགས་ལ་ཡོང་འབབ་ཁ་སྣོན་དང་ཕྱུག་འགྱུར་ཡོང་བར་བགྲོད་ལམ་གལ་ཆེན་གཏོད། ཁྲོན་བོད་ལམ་ཐིག་སྟེང་རྐང་འཁོར་ཞོན་ནས་སྐྱོད་པ་སོགས་བཏོན་ནས། བོད་ལྗོངས་ཀྱི་ཅན་ནན་ཞེས་པའི་མཚན་སྙན་ལྡན་པའི་ཉིང་ཁྲི་ས་ཁུལ་གྱིས་ཤུགས་ཆེན་པོས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་བའི་དུས་མཚུངས་སུ། ས་གནས་དེ་གའི་རྒྱ་ཆེའི་མི་དམངས་མང་ཚོགས་སྐུལ་སློང་བྱས་ཏེ་ཡུལ་སྐོར་གྱི་ལམ་དུ་སྐྱོད་པ་དང་ཡུལ་སྐོར་གྱིས་ཕྱུར་འགྱུར་བྱེད་པ། ཡུལ་སྐོར་གྱིས་ཡོང་འབབ་བསྐྲུན་པ་བཅས་བྱས་ཏེ། ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཀྱིས་དོན་དངོས་སུ་མི་སེལ་ལ་ཁེ་ཕན་བསྐྲུན་དུ་བཅུག་ཡོད།

ཤམ་བྷ་ལྷའི་ལྟེ་གནས་ཡུལ་སྐོར་ཁུལ་ཡིན་པའི་ཆ་ནས། ཆབ་མདོ་ལ་ཇ་རྟའི་གནའ་ལམ་གྱི་ལམ་ཐིག་དང་གཙང་གསུམ་མཉམ་བཞུར་གྱི་འཛམ་གླིང་ཤུལ་བཞག་རིག་གནས་སོགས་རང་བྱུང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཉེ་བའི་ལོ་འགའི་རིང་དུ། ཆབ་མདོ་ས་ཁུལ་གྱིས་བོད་ལྗོངས་དང་སི་ཁྲོན། ཡུན་ནན་བཅས་ཀྱི་འབྲེལ་མཚམས་སུ་ཁེལ་ཡོད་པའི་དགེ་མཚན་སྤྱད་དེ། ཁམས་པའི་རིག་གནས་དང་འབྲེལ་ནས། ཕུལ་དུ་བྱུང་བའི་ཡུལ་སྐོར་ལམ་ཐིག་བཏོན་ཡོད། ཁྱད་ལྡན་ཡུལ་སྐོར་ཚོང་རྟགས་འཛུགས་སྐྱོང་དམ་འཛིན་བྱས་པས། ཕྱོགས་སོ་སོས་དོ་སྣང་ཆེན་པོ་ཐོབ་ཡོད་པ་རེད།

ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་ལ། སྔར་ལས་དྲིལ་བསྒྲགས་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་རྫས་ཀྱི་སྣང་བརྙན་འཛུགས་པ་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་མཁའ་དབུགས་བཞེངས་བསྐྲུན་བྱས། ཉེ་བའི་ལོ་འགའི་རིང་དུ། ནག་ཆུ་ས་ཁུལ་གྱིས་ཡུལ་སྐོར་ཆ་འཕྲིན་དྲ་རྒྱ་དང་རང་གཏོང་གཞི་ས་འཛུགས་སྐྲུན་རྣམ་གྲངས་སྤེལ་བ་མ་ཟད། རྟ་རྒྱུགས་སྒྱུ་རྩལ་དུས་སྟོན་གྱི་དྲིལ་བསྒྲགས་འོས་སྤྱོར་སྟེགས་བུ་བཀོལ་ནས། རྒྱུན་ཆད་མེད་པར་ས་གནས་དེ་གའི་ཁྱད་ལྡན་ཡུལ་སྐོར་གྱི་མཚན་སྙན་སྤྱད་ནས། སྤྱི་ཚོགས་དང་དཔལ་འབྱོར་གྱི་དགེ་མཚན་ཆེན་པོ་རེག་ཡོད།

མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞི་འཛུགས་སྐྲུན་རིམ་བཞིན་ཆ་ཚང་བཏང་བ་དང་བསྟུན་ནས། མཛེས་ལྗོངས་ཁུལ་སོ་སོར་ཤར་གཏོང་ཚད་རིམ་བཞིན་གོང་འཕར་བཏང་བས། རི་བརྒྱའི་ཡང་རྩེ་དང་ཆུ་བརྒྱའི་འབྱུང་ཁུངས་གིས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཡིད་འགུག་བྱས། ཉེ་བའི་ལོ་འགའི་རིང་དུ། མངའ་རིས་ས་ཁུལ་གྱིས་རང་ཉིད་ཀྱི་དགེ་མཚན་ལ་བརྟེན་ནས། རང་བྱུང་རིག་གནས་ཐོན་ཁུངས་གཅིག་བསྡུ་དང་། ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་སྔོག་འདོན་ཟབ་མོ་བྱས་ནས། ཤུགས་ཆེན་པོས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བས། གྲུབ་འབྲས་མངོན་གསལ་ཐོབ་ལ། ས་ཁོངས་དཔལ་འབྱོར་མཆོང་སྐྱོད་ངང་འཕེལ་རྒྱས་འགྲོ་བ་ལ་བྱས་རྗེས་དམིགས་སུ་བཞག་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག