མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལྗོངས་ཕོ་རིའི་ཡིག་རྙིང་གློག་རྡུལ་པར་གཞི་རུ་བཏང་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-07-21 10:38

ཕོ་རིའི་ཡིག་རྙིང་གི་མ་ཡིག
ཕོ་རིའི་ཡིག་རྙིང་གི་མ་ཡིག

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཕོ་རིའི་ཡིག་རྙིང་དེ2002ལོར་བོད་ལྗོངས་གཞིས་ཀ་རྩེ་གཉའ་ལམ་རྫོང་ཕོ་རི་སྡེ་བ་ནས་རྙེད་ཅིང་། 2006ལོར་བོད་ལྗོངས་དཔེ་མཛོད་ཁང་གི་ཚད་ལྡན་ཡིག་ཆ་རྩ་ཆེན་དུ་བཞག་པ་རེད། ཡིག་རྙིང་ཞིབ་འཇུག་མི་སྣས་ལོ8ཀྱི་རིང་ལ་མྱུར་སྐྱོབ་ལེགས་སྒྲིག་བྱས་པར་བརྒྱུད་ནས་དཀར་ཆག་བསྒྲིགས་པ་དང་། གློག་རྡུལ་པར་གཞི་རུ་བཏང་ནས་ཡིག་ཚགས་སུ་ཉར།

ཕོ་རིའི་ཚད་ལྡན་ཡིག་ཆ་ནི་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་གཉའ་ལམ་རྫོང་ཕོ་རི་སྡེ་བ་རུ་རྙེད་པ་དང་། དེ་ནི་ཏུན་ཧོང་ཡིག་རྙིང་རྗེས་སུ་བྱུང་བའི་ལོ་རྒྱུས་ཆེས་རིང་ཞིང་བསྡུ་ཉར་གྱི་གྲངས་འབོར་ཆེས་མང་བའི་བོད་ཡིག་ཡིག་རྙིང་ཞིག་ཡིན་ལ། བསྡོམས་པས་རིགས150ལྷག་དང་ཤོག་ངོས12000ལ་ཉེ་བ་ཡོད་ཅིང་། ཕོ་རིའི་ཡིག་རྙིང་བྱུང་བའི་ལོ་ཚིགས་དེ་དུས་རབས10པའི་བར་དུ་ཁུངས་འདེད་ཀྱི་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག