མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མི་རིགས་གླུ་དབྱངས་ཀྱི་མཚན་ཚོགས་ཆེན་མོ་སྟེ《བོད་ལྗོངས་ཀྱི་དཔྱིད་ཀ》ཞེས་པ་ལྷ་སར་འཁྲབ་སྟོན་གནང་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-07-21 10:31

མི་རིགས་གླུ་དབྱངས་ཀྱི་མཚན་ཚོགས་ཆེན་མོ་སྟེ《བོད་ལྗོངས་ཀྱི་དཔྱིད་ཀ》ཞེས་པ་ལྷ་ས་ནས་ཐོག་མར་འཁྲབ་སྟོན་གནང་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན། རྒྱལ་ཁབ་རིག་གནས་པུའུ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་མཛད་ཅིང་། ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཐུན་མོང་སྒོས་བསྐྲུན་པའི་མི་རིགས་གླུ་དབྱངས་ཀྱི་མཚན་ཚོགས་ཆེན་མོ་སྟེ《བོད་ལྗོངས་ཀྱི་དཔྱིད་ཀ》ཞེས་པ་ལྷ་ས་ནས་ཐོག་མར་འཁྲབ་སྟོན་གནང་པ་རེད།

གླུ་དབྱངས་མཚན་ཚོགས་སྟེང་། རྒྱ་བོད་མི་རིགས་གཉིས་ཀྱི་བཀོད་འདོམས་པ་དང་། རོལ་དཀྲོལ་པ། གཞས་པ་སྐད་གྲགས་ཅན་དག་གིས་བརྩེ་དུང་གིས་རྣམ་པར་འཁྲོལ་དེ་གར་སྟེགས་སུ་འཁྲབ་སྟོན་མཛད་ཅིང་། གཟིགས་མོ་བ་རྣམས་ཀྱིས་ཚད་མཐོ་བའི་མི་རིགས་གླུ་དབྱངས་ཀྱི་མཚན་ཚོགས་ཤིག་ཉམས་རོལ་ཐུབ་པ་བྱུང་། མི་རིགས་འཇད་དཀྲོལ་གླུ་དབྱངས་དང་མཉམ་ལེན《བོད་ལྗོངས་སུ་བསྐྱོད་པ》། ཟུར་དྲུག་སྒྲ་སྙན་དང་རོལ་ཚོགས་《ཧི་མ་ལ་ཡའི་སྤྲོ་གླུ》 ། མི་རིགས་འཇད་དཀྲོལ་གླུ་དབྱངས་དང་མཉམ་ལེན《མཁའ་ལམ》 ། འཕྲེད་གླིང་དང་རོལ་ཚོགས《གླག་གི་བརྩེ་བ》བཅས་བརྩམས་ཆོས་རྩེ་གྲ་དག་ལ་གཟིགས་མོ་བས་དགའ་བསུ་ཚད་མེད་ཐོབ།

ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པའི་བཀོད་འདོམས་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བཀོད་འདོམས་པ་ཧི་ཅན་ཀའོ་ཡིས2012ལོར་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པ་དང་བོད་ལྗོངས་གླུ་གར་ཚོགས་པས་ཐུན་མོང་སྒོས་གསར་རྩོམ་གནང་པའི་མི་རིགས་གླུ་གར་གྱི་མཚན་ཚོགས་ཆེན་མོ《བོད་ལྗོངས་ཀྱི་དཔྱིད་ཀ》ཞེས་པ་དེ་ན་ནིང་རྒྱལ་ཡོངས་སུ་སྐོར་བསྐྱོད་འཁྲབ་སྟོན་གནང་དུས། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་གླུ་དབྱངས་དང་དེ་དག་གི་བོད་རིགས་འཁྲབ་སྟོན་པ་བཅས་ཀྱིས་རྒྱལ་ཡོངས་ཀྱི་གཟིགས་མོ་བ་དག་ལ་ངོ་སྤྲོད་གནང་ཁར། ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པས་བོད་ལྗོངས་མི་རིགས་གླུ་གར་ཚོགས་པ་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་དང་པེ་ཅིང་། ཧྲང་ཧེ། ཧང་ཀྲུའུ་སོགས་གྲོང་ཁྱེར་ཆེ་ཤོས་དག་ཏུ་འཁྲབ་སྟོན་གནང་ཡིན་ལ། ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པས་མཉམ་འབྲེལ་དང་ལག་ལེན་ཁྲོད་རང་སྒེར་གྱིས་ཀྱང་ཤེས་བྱ་མང་པོ་སློབ་ཐུབ་པ་བྱུང་ཡོད་ཟེར།

བོད་ལྗོངས་ཀྱི་གཞས་པ་ཉི་མ་ཚེ་རིང་གིས་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པ་དང་ཡང་བསྐྱར་མཉམ་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་པ་ནི་གཟི་བརྗིད་ཅིག་ཡིན་ལ། ཁོང་རྣམ་པ་ཁ་སང་ཐོག་མར་བོད་ལྗོངས་སུ་འབྱོར་འཕྲལ། ས་མཐོའི་འབྱུང་བ་མ་འཕྲོད་པར་དོ་སྣང་མ་བྱས་པར་བོད་ལྗོངས་མི་དམངས་ལ་འཁྲབ་སྟོན་གནང་པས། གཟིགས་མོ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་ཡིད་འོང་ཁྱད་དུ་འཕགས་པའི་མཚན་ཚོགས་འདི་འདྲ་ཞིག་བསྟར་པ་རེད་ཅེས་ཟེར།

བོད་ལྗོངས་ཀྱི་སྐད་གྲགས་ཆེ་བའི་བཀོད་འདོམས་པས་ཀྱང་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པར་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་བྱས་པའི་ཁྲོད། བོད་ལྗོངས་ཨེ་ཡའོ་རོལ་ཚོགས་ཀྱི་འཁྲབ་སྟོན་འདུ་ཤེས་དང་། མཉམ་ལས་ནུས་པ། བརྩམས་ཆོས་ཆེ་གྲས་ཀྱི་བཀོད་འདོམས་ནུས་པའང་སྔོན་ཆད་ལས་བྱང་ཆ་ལྡན་པར་གྱུར་ཡོད་ཟེར།

རྒྱུས་ལོན་བྱུང་པ་ལྟར་ན། 《བོད་ལྗོངས་ཀྱི་དཔྱིད་ཀའི》འཁྲབ་སྟོན་ཚོགས་པ་ད་དུང་གཞིས་ཀ་རྩེ་དང་། ལྷོ་ཁ། ཉིང་ཁྲི་ས་ཁུལ་དུ་བསྐྱོད་ནས་འཁྲབ་སྟོན་གནང་རྒྱུ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག