མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་གསོ་རིག་ཏེ་བོད་ཀྱི་རིག་གནས་བང་མཛོད་ནང་གི་ངོ་མཚར་བའི་མེ་ཏོག་རྐང་གཅིག

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-21 10:31

སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་དམངས་ཕན་སྨན་བཅོས་ཁང་།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ང་ལ་ཕོ་བའི་ནད་ཡོད། ཕ་ཡུལ་ཕྱོགས་ཀྱི་མི་རྣམས་ཀྱིས་ལབ་པ་ལྟར་ན་སྨན་ཁང་འདི་གའི་སྨན་བཅོས་ལེགས་པོ་འདུག་ཟེར་པས། ཆེད་དུ་འདི་རུ་ནད་བཅོས་བྱ་བར་ཡོང་པ་ཡིན”ཞེས་ཟླ7པའི་ཚེས18ཉིན་གྱི་སྔ་དྲོར། སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་སྨན་བཅོས་ཚན་ཁག་ཏུ་སྨན་ལེན་པར་གྲལ་བསྒྲིགས་པའི་མི་ཚོགས་ཁྲོད། ནང་སོག་ལྦུ་ལན་ཚྰ་པོ་གྲོང་ཁྱེར་ནས་ཅི་ཉིང་ས་ཁུལ་གྱི་དགུང་གྲངས66ལོན་པའི་སྐུ་ཞབས་ཧི་ནི་འདི་གར་སྨན་བཅོས་བྱེད་དུ་ཡོང་མཁན་གྲས་ཀྱི་གཅིག་རེད།

སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་འགོ་གཙོ་བསྟན་པའི་འབྱུང་གནས་ཀྱིས་ངོ་སྤྲོད་ལྟར་ན། ལོ་རེར་སྐུ་ཞབས་ཧི་ལྟ་བུའི་ས་ཐག་རིང་པོས་ཆོད་པའི་ནད་པ་བགྲང་གིས་མི་ལངས་པ་འདུག དེ་དག་ལས་ཉིང་ཤ་དང་། ཤིན་ཅང་། ཀན་སུའུ། ནང་སོག་སོགས་ནས་ཐོན་པ་ཅུང་མང་། “ནད་བཅོས་བྱེད་མཁན་དུ་བོད་རིགས་ལས་གཞན་རྒྱ་རིགས་དང་། ཁ་ཆེ། ཟ་ལར་རིགས། ཧ་སག་རིགས། ཡུ་གུར་རིགས་བཅས་ཀྱང་ཡོད་འདུག ས་མཐོའི་ནད་དང་། གཅོང་ནད་རིགས་ལ་བོད་སྨན་ཀྱིས་རྔོ་ཆེན་པོ་ཐོགས་ཐུབ”ཅེས་གསུངས་བྱུང་།

འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོའི་གྲས་ཀྱི་གཅིག་ཡིན་པའི་བོད་ཀྱི་གསོ་རིག་ལ་ད་བར་དུ་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་ཀྱི་རིག་གནས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། བསྟན་པའི་འབྱུང་གནས་ཀྱིས“བོད་ཀྱི་གསོ་རིག་རྒྱུད་འཛིན་དང་དར་སྤེལ་བྱས་ནས། དེས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྐྲུན་རྒྱུ་ནི་ང་ཚོ་བོད་ཀྱི་གསོ་རིག་གི་ལས་གཉེར་མཁན་ཚོས་ཐུན་མོང་གི་སེམས་འདུན་ཡིན་”ཞེས་གསུངས།

སྐུ་འབུམ་དགོན་བོད་སྨན་ཁང་གི་འགོ་གཙོ་བསྟན་པའི་འབྱུང་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཡིག་སྨྱན་སྦྱོན་གྱི་བཅར་འདྲི་དང་ལེན་བྱེད་བཞིན་པ །

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་ནི་མིག་སྔར་འཛམ་གླིང་སྟེང་གི་བོད་ཀྱི་གསོ་རིག་གི་ཆེད་ལས་རྟེན་མཛོད་ཁང་ཆེ་གྲས་གཅིག་པུ་རེད། དེར་བོད་ཀྱི་གསོ་རིག་ལོ་རྒྱུས་དང་། སྨན་ཐང་ཡོ་ཆས། གནའ་དཔེ་ཡིག་ཚགས། བོད་སྨན་མ་དཔེ། གནམ་རིག་སྐར་རྩིས། ཚོན་བྲིས་ཆེན་མོ། བོད་ཀྱི་དམངས་སྲོལ། བོད་ཡིག་ཡིག་གཟུགས་བཅས་འགྲེམས་སྟོན་ཁང་བཀོད་སྒྲིག་བྱས་ཡོད་པ་མ་ཟད། འཛམ་གླིང་སྟེང་ཆེས་ཆེ་པའི་སྨན་བླ་སྟོང་སྐུའི་མཆོད་ཁང་དང་གནའ་དཔེ་གསུང་འབུམ་དཔེ་ཁང་ཡང་འདུག་པ་མ་ཟད། རྟེན་མཛོད་ཁང་དུ་རིག་དངོས་ཁྲི་གཉིས་ལྷག་ཉར་ཚགས་གནང་འདུག

ཁ་ན་ཏ་ནས་ཐོན་པའི་སྤུན་ཟླ་ཤིན་ཏེ་ཡིས་ཚེས18འགྲེམས་སྟོན་ལ་གཟིགས་ཚར་རྗེས། བོད་ཀྱི་གསོ་རིག་གི་ལོ་རྒྱུས་ནི་རང་གི་བློར་ཤོང་བ་ཞིག་མིན་ཞེས་བསྟོད་བསྔགས་ཚད་མེད་གནང་བྱུང་། “དངོས་གནས་ངོ་མཚར་བ་ཞིག་རེད་འདུག ལོ་ངོ4000ཡན་གྱི་མཚོ་བོད་ས་མཐོའི་མེས་པོ་དག་གིས་ཀླད་བསྟར་གཤེགས་བཅོས་རྟོགས་པ་འདི་ནི་བོད་རིགས་མེས་པོ་དག་གི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པ་ཡིན་ལ། བོད་ཀྱི་རིག་གནས་ལོ་རྒྱུས་ཡུན་རིང་པའང་མཚོན་ཐུབ”ཅེས་ཟེར།

འཇིགས་མེད་བོད་སྨན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་གཉེར་པ་འཇིགས་མེད་ཕུན་ཚོགས།

མཚོ་སྔོན་འཇིགས་མེད་བོད་སྨན་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་སྤྱི་འགན་པ་འཇིགས་མེད་ཕུན་ཚོགས་ཀྱིས་ཁོང་གི་དམིགས་ཡུལ་སྐོར་གླེང་དུས“འཇིགས་མེད་ཉིད་རྒྱལ་ནང་གི་བོད་སྨན་བཟོ་གྲྭ་དང་བོད་སྨན་ཁང་ཆེ་གྲས་སུ་འཛུགས་བསྐྲུན་གནང་ནས་དགོས་མཁོ་ལྡན་པའི་འགྲོ་བ་ཀུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན”ཞེས་གསུངས། ཁོང་གིས་ན་ནིང་ཀུང་སིའི་ཐོན་ཚད་ནི་དུང་ཕྱུར་གཅིག་ལས་བརྒལ་འདུག་པ་ཟད་གནས་ཚུལ་ལོ་རེ་ནས་ལོ་རེར་ཡག་པོ་རེད་ཅེས་གསུངས་བྱུང་།

“ང་ཚོས་བོད་སྨན་གྱི་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་སྨན་བཟོའི་ལག་རྩལ་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་པ་ཡིན་ལ། དེའི་དམིགས་ཡུལ་ནི་བོད་སྨན་གྱི་ཐུན་མིན་དགེ་མཚན་རྒྱུད་འཛིན་དར་སྤེལ་གཏོང་རྒྱུ་དེ་ཡིན”ཞེས་འཇིགས་མེད་ཕུན་ཚོགས་ཀྱིས་“སྤྱིར་བཏང་གི་ཁེ་ལས་ཤིག་གི་ཚེ་ཚད་ལོ་༡༠རེད་མོད། ང་ཚོ་ལོ་ངོ༡༥འདས་ཟིན། དེས་ཀྱང་ལྷན་རྒྱས་ཀྱིས་བོད་སྨན་དང་ལེན་དང་ཁས་ལེན་བྱེད་ཚད་ཤིན་ཏུ་མཐོ་བ་མངོན་ཡོད་ལ། བོད་སྨན་ལ་ཐུན་མིན་དགེ་མཚན་ལྡན་པའང་མཚོན་ཡོད་”ཅེས་གསུངས།

རྒྱུས་ལོན་བྱུང་པ་ལྟར་ན། ཉེ་བའི་ལོ་འདི་འགའི་རིང་། བོད་སྨན་ཐོན་ལས་རིམ་བཞིན་འཕེལ་རྒྱས་བྱུང་པ་བསྟུན། བོད་ཀྱི་གསོ་རིག་ལ་རྒྱལ་སྤྱིའི་གསོ་རིག་རིག་གཞུང་སྡེ་ནས་མཐོང་ཆེན་གནང་ཡོད་ཅིང་། ལོ་རེའི་རིགས་མི་འདྲ་བའི་རྒྱལ་སྤྱིའི་གསོ་རིག་ཚོགས་འདུ་རབ་དང་རིམ་པ་ལས་གཞན་ཕྱི་རྒྱལ་གྱི་ཆེད་མཁས་དང་ཤེས་ཡོན་པ་མང་པོ་བོད་ལྗོངས་དང་བོད་ཁུལ་གཞན་དག་ཏུ་བོད་ཀྱི་གསོ་རིག་ལ་རྟོག་དཔྱོད་བྱེད་པར་ཕེབས་ཀྱི་འདུག་མ་ཟད། རྒྱལ་ཁབ་ཁ་ཤས་ཀྱི་ཕྱི་འགྲིམས་སློབ་མའང་འདི་གར་བོད་ཀྱི་གསོ་རིག་སློབ་གཉེར་དུ་ཕེབས་ཀྱི་འདུག བསྟན་པའི་འབྱུང་གནས་ཀྱིས་“འབྲེལ་འདྲིས་ཇེ་མང་ཕྱིན་པ་བསྟུན་ནས་རྒྱུས་ལོན་བྱེད་མཁན་ཡང་ཇེ་མང་ཡིན་ལ། དགའ་བསུ་ཐོབ་ཚད་ཀྱང་སྔར་ལས་ཇེ་མཐོར་འགྲོ་བ་རེད”ཅེས་གསུངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག