མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་གནང་བའི་ གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-20 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་བྱས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤྱོད་ཚུལ་ལ་དམ་འཛིན་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བའི་གཞི་འཛུགས་ས་དང་དོན་ལ་བབས་ས་གལ་ཆེན་ཞིག་ཡིན་པར་བརྟེན་ངེས་པར་དུ་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་དང་།རྩ་འཛུགས་འཛུགས་སྐྱོང་།རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་།ལམ་ལུགས་འཛུགས་སྐྱོང་བཅས་ནང་ཁྱབ་པ་བྱས་ཏེ་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ཞིང་།ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་93འཁོར་བའི་དུས་དེར་གནང་བའི་གསུང་བཤད་གལ་ཆེན་དེས་ཏང་གི་མང་ཚོགས་ལམ་ཕྱོགས་གི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་དང་།འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ།གོམ་སྟབས་རྗེས་མའི་ལས་ཀའི་གཙོ་གནད་གསལ་སྟོན་བཅས་གནང་བ་དེས་ང་ཚོས་ཏང་འཛུགས་སྐྱོང་དང་ལྷག་པར་དུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བར་ཁ་ཕྱོགས་གསལ་སྟོན་གནང་བ་མགྲིན་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཉིང་ཁྲི་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཡན་ཧྲི་ཧུའེ་ཡིས“བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་ཐོབ་པའི་གྲུབ་འབྲས་དེ་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པ་ཞིག་རེད།ལོ་རྒྱུས་ལས་རྩོད་ཐབས་བྲལ་བའི་ངང་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་ལ་ང་ཚོའི་དེང་དུས་ཀྱི་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བའང་ཡོང་མི་སྲིད་པ་ར་འཕྲོད་བྱུང་ཡོད”ཅེས་བཤད་པ་རེད།

ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་ཚེ་མཆོག་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཟླ་དགའ་ཡིས་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་བྱེད་པའི་མྱོང་ཚོར་སྤེལ་རེས་བྱེད་སྐབས“ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་སྤེལ་བཞིན་ཡོད།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་ལག་ལེན་བསྟར་ནས་དངོས་ཡོད་ལས་དོན་ཁྲོད་རང་གིས་རང་ལ་བརྩི་འཇོག་བྱེད་པ་དང་།རང་གིས་རང་ལ་ཉེན་བརྡ་གཏོང་བ།རང་གིས་རང་ལ་ལྕག་སྐུལ་བཅས་བྱེད་པ་དང་ཏང་དང་རྒྱ་ཆེའི་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་ནས་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་ཡོང་བ་དང་།སྲུང་སྐྱོང་ཡག་པོ་བྱེད་པ།འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས”ཞེས་བཤད་པ་རེད།

ནག་ཆུ་ས་ཁུལ་དཔལ་མགོན་རྫོང་རིག་གནས་ཅུས་ཀྱི་ཕྱིང་ལུང་ཤང་ཝ་གཞུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཐང་ཡུང་ལན་གྱིས་གསར་འགོད་པར“ངས་བྱས་ན་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་ང་ཚོའི་ལས་དོན་དངོས་དང་འབྲེལ་བ་བྱེད་སྐབས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་འགན་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད།ང་ཚོས་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པ་དང་།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ།མང་ཚོགས་དབར་དང་བརྩེ་དུང་ཟབ་ཏུ་གཏོང་བ།དམངས་འཚོ་ལེགས་གཏོང་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས”ཞེས་བཤད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་རྡོ་རྗེས་ཚགས་པར་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་གནང་བའི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་དང་།ཁོང་གིས་ངེས་པར་དུ་ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་དང་དགོངས་དོན་གལ་ཆེན་གྱི་དྲིལ་བསྒྲགས་པ་དང་ཏང་དང་མང་ཚོགས་དབར་གྱི་འབྲེལ་མཐུད་པ་ཡག་པོ་བྱེད་པ་དང་ཏང་ཡོན་དཀྱུས་མ་ཞིག་གི་འགན་འཁྲི་ཡག་པོ་བསྒྲུབས་ནས་ཚད་ལོན་པའི་ཏང་ཡོན་ཞིག་གི་ཆབ་སྲིད་ཀྱི་སྔོན་ཐོན་རང་བཞིན་དང་མཚོན་བྱེད་རང་བཞིན་གང་ལེགས་མཚོན་པ་བྱེད་དགོས་ཞེས་བཤད་པ་རེད།

ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“གཟབ་ནན་གསུམ་དང་ཏན་ཏིག་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་རང་ཉིད་ནས་འགོ་འཛུགས་པ་དང་ད་ལྟ་ནས་འགོ་བཙུགས་ཏེ་དྲང་ཕྱོགས་བརྟན་སྲུང་བྱེད་པ་དང་།སྲོལ་བཟང་དར་སྤེལ་གཏོང་བ།སྤྱོད་ཚུལ་ལེགས་སུ་གཏོང་བ།འགན་འཁུར་འཕོད་པ།བྱས་རྗེས་འཇོག་པ་བཅས་བྱས་ཏེ་རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་ཐོག་ནས་སྤྱོད་ཚུལ་དྭངས་གཙང་གི་ཆབ་སྲིད་ཁོར་ཡུག་ཅིག་ཆགས་པ་བྱེད་པར་སྣེ་ཁྲིད་བྱེད་པ་དང་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག