ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་མི་ཚང་མར་འདྲ་མཉམ་ངང་སློབ་གསོ་ཐོབ་པའི་འགན་ལེན་བྱ་རྒྱུ་རྩ་བར་བཟུང་ནས་སློབ་གསོའི་དྲང་སྙོམས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་། སློབ་གསོ་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག ལོ་15རིང་གི་རིན་མེད་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་མུ་མཐུད་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་སློབ་ཕྲུག་ཚང་མས་དྲང་སྙོམས་དང་ལུགས་མཐུན་གྱི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་བྱེད་ཐུབ་པར་བྱས་པ་རེད།
འདི་ནི་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་སློབ་འབྲིང་གི་སློབ་མ་ཚོས་འོད་གློག་སྐར་གསུམ་གྱི་དཔྱད་ཆས་སྤྱད་དེ་གནམ་རིག་སྐོར་གྱི་ཤེས་བྱར་རྒྱུས་ལོན་བྱེད་པའི་གནས་ཚུལ་ཡིན་པ།