མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར22བཏང་སྟེ་བོད་ལྗོངས་རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-18 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། 2005ལོར་རོང་འབྲོག་ས་ཁུལ་དུ་འཐུང་ཆུའི་བདེ་འཇགས་བཟོ་འགོད་ལག་བསྟར་བྱས་པ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར22.28བཏང་སྟེ།  བོད་རང་སྐྱོང་ལྗོངས་ཀྱི་རོང་འབྲོག་པ་མང་ཚོགས་ཁྲི242དང་ཞིང་སྡེའི་དགེ་སློབ་ཚོའི་འཐུང་ཆུའི་དཀའ་ཁག་དང་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། 2013ལོར་བོད་ལྗོངས་ཀྱིས་བསྡོམས་པས་རོང་འབྲོག་པ་མང་ཚོགས་ཁྲི23.1དང་ཞིང་སྡེའི་དགེ་སློབ་ཁྲི5.13གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་རེད།  བོད་ལྗོངས་རོང་འབྲོག་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བཟོ་འགོད་ལག་བསྟར་བྱས་པ་དེས་རོང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྟབས་བདེ་བཟོས་པ་མ་ཟད། ནད་ཡམས་སྣ་ཚོགས་སྔོན་འགོད་བྱེད་པར་ཕན་ནུས་ཆེན་པོ་ཐོབ།

མཚམས་སྦྱོར་བྱས་པ་ལྟར་ན།  མིག་སྔར་བོད་ལྗོངས་རོང་འབྲོག་ཁུལ་དུ་མང་ཚོགས་ཁྲི49.3གྱི་འཐུང་ཆུའི་བདེ་འཇགས་ལ་གནད་དོན་ཡོད་པ་དང་། 2015ལོར་བོད་ལྗོངས་ཀྱིས་རྐང་འཛིན་ཆུ་བེད་ཚོད་འཛིན་རང་བཞིན་གྱི་བཟོ་འགོད་སྐོར་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ལ། རྒྱ་དཔངས་གྲུ་བཞི་མ་སྨི་དུང་ཕྱུར7གྱི་ཆུ་འདོན་ནུས་ཤུགས་གསར་སྣོན་བྱས་ཏེ། ཁྱོན་ཡོངས་ནས་རོང་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག