མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྤུ་ཧྲེང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱི་སྐུ་པར་འགྲེམ་གཏོང་བྱེད་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-18 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གཙོ་ཡིན་པའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུ་བ་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཏང་གི་བཀའ་དྲིན་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་རྒྱབ་སྐྱོར་ཡིད་ལ་དམ་པོར་བཅིངས་ནས། བསམ་བློ་དང་ཆབ་སྲིད།  འགུལ་སྤྱོད་སྟེང་བློ་མཐུན་ཞེ་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་མཐུན་ཡིན་པ་དང་། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་སྔར་ལས་ལྷག་པར་རང་རང་གི་ལས་གནས་སྟེང་ནས་འབད་པ་ལྷོད་མེད་བྱེད་དུ་འཇུག་ཆེད། ཟླ7པའི་ཚེས16ཉིན་གྱི་སྔ་དྲོར།  སྤུ་ཧྲེང་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རྫོང་སྲིད་གཞུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱི་སྐུ་པར་འགྲེམ་གཏོང་བྱེད་པའི་མཛད་སྒོ་བསྡུས།

སྤུ་ཧྲེང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། རྫོང་སྲིད་གཞུང་གི་རྫོང་དཔོན་ཝུས་ཏོན་དང་།  རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཕུན་ཧྭ་མཛད་སྒོ་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་།

ཝུས་ཏོན་གྱིས་བློ་མཐུན་ཞེ་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བདེ་འཇགས། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་འཚོ་བར་ལེགས་བསྒྱུར་བཅས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱི་སྐུ་པར་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ་བ་ནི་ལས་བྱེད་མང་ཚོགས་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱི་སྐུ་པར་འགེལ་བར་མཛད་སྒོ་བསྡུས་པ་བརྒྱུད།  རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚོའི་བློ་མཐུན་ཞེ་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུ་བར་མཚོན་ཐུབ་པ་མ་ཟད།  སྔར་ལས་ལྷག་པར་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚོས་སྔར་ལས་དཀའ་སྤྱད་སྡུག་རུས་ཀྱིས་བྱ་བ་འབད་པ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་ཆབ་སྲིད་བསམ་བློ་མཐོར་འདེགས་བྱེད་པ། རོང་འབྲོག་པའི་བསམ་བློ་རིག་གནས་གཡུལ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཐུབ་པ་སོགས་ནུས་ཤུགས་ཡོད་ཚད་སྒོས་འབྱོར་ཕྱུག་ལྡན་པ་དང་འཆམ་མཐུན་མཛེས་སྡུག་གི་སྤུ་ཧྲེང་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ངེས་པར་བསྟན། 

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་ལས་རོང་འབྲོག་པ་མང་ཚོགས་དང་དགོན་སྡེ། སྡེ་བ་སོ་སོར་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཅིན་ཕིན་གྱི་སྐུ་པར400ལྷག་འགྲེམ་གཏོང་བྱས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག