མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་ བའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་པ།

ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-17 18:37

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་15ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་།ཚོགས་འདུའི་ཐོག་དུས་མཚམས་གོང་མའི་ལས་ཀའི་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ལས་དོན་བཀོད་སྒྲིག་བྱས་པ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དམངས་གཙོ་ཁྲིམས་ལུགས་དང་།སྒྲིག་ཁྲིམས་སྒྲིག་སྲོལ།ཏང་འཛུགས་སྐྱོང་།རིག་གནས་སྒྲིག་སྲོལ།སྤྱི་ཚོགས་སྒྲིག་སྲོལ།དཔལ་འབྱོར་སྒྲིག་སྲོལ།སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སོགས་ཆེད་དོན་ཚོགས་ཆུང་གི་ལས་ཀའི་སྙན་སྒྲོན་གསན་རྗེས་ཝུའུ་དབྱིང་ཅེས་འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལས་ཀའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ་དང་།འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་བཏང་བ།ལས་འགན་ཁ་གསལ་བཟོས་པ་བཅས་བྱས་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལྟེ་བའི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་སྤྱི་ཚོགས་དོ་དམ་གསར་གཏོད་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མངོན་གསལ་དོད་པོ་བྱས་ཏེ་ཞིབ་ཕྲའི་སྒྱུར་བཅོས་ལས་དོན་རབ་དང་རིམ་པ་ཏན་ཏིག་ངང་སྤེལ་བར་ཕན་འབྲས་རགས་ཙམ་ཐོན་ཡོད་ཅེས་བསྟན་གནང་བ་རེད།

    ཝུའུ་དབྱིང་ཅེས་འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ཀྱི་ལོ་ཞིག་རེད།ཆེད་དོན་ཚོགས་ཆུང་དང་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་བླང་བྱ་གཞིར་བཟུང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་དང་རང་ལྗོངས་ཀྱི་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་གཙོ་གནད་ལས་འགན་ཁོང་དུ་བརྟན་པོ་ཆུད་དེ་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་།ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་བྱ་རྒྱུ།རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་བཅས་དབར་གྱི་འབྲེལ་བ་དང་།ཁྱོན་ཡོངས་ལ་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་བྱེད་པའི་དབར་གྱི་འབྲེལ་བ།བརྟན་བརླིང་གཟབ་ནན་དང་བློ་ཁོག་ཆེན་པོས་གསར་གཏོད་བྱེད་པའི་དབར་གྱི་འབྲེལ་བ།དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་པའི་དབར་གྱི་འབྲེལ་བ།ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་བྱེད་པའི་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱས་ཏེ་གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་མཐོ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་ཐོག་དངོས་བརྩོན་དངོས་སྒྲུབ་ཁྲོད་སྒྱུར་བཅོས་ཀྱི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།གཅིག་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་དགོས།བོད་ནི་མཐའ་མཚམས་མི་རིགས་ས་ཁུལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་ཕྱོགས་སུ་གནས་པའི་དོན་དངོས་ལ་གཞི་ཚུགས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་སྔར་བས་ཐག་གཅོད་ཡག་པོ་བྱས་ཏེ་སྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་དམངས་འཚོའི་དོན་དངོས་ཁག་བཅུ་གཅིག་སྡུད་ཐོག་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ།“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་དཔྱད་འདེམས་བྱེད་སྒོ་སོགས་ལས་ཀར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་སྒྱུར་བཅོས་བྱེད་ཐབས་དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་།བོད་ཀྱི་དོན་དངོས་དང་མཐུན་པ།མང་ཚོགས་ཀྱི་འདོད་འདུན་དང་བསྟུན་པ་བཅས་བྱ་རྒྱུ་འགན་ལེན་བྱེད་དགོས།གཉིས་ནས་གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་དབྱེ་དགོས།ཀྲུང་དབྱང་གི་བླང་བྱ་ཁ་གསལ་ཡོད་པ་དང་།གདེང་ཚོད་ཡོད་པ།ཆ་རྐྱེན་འཛོམས་པ་བཅས་ཀྱི་སྒྱུར་བཅོས་དོན་ཚན་ཐད་གང་མགྱོགས་ལས་ཀའི་ཇུས་གཞི་དང་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་རིམ་པ་བཞིན་ཁག་བགོས་དོན་འཁྱོལ་དང་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་དང་།སྔོན་ལ་ཚོད་ལྟའི་སྒྱུར་བཅོས་བྱེད་དགོས་པར་སྤྱིའི་དུས་བབ་དང་ལས་འགན་ལ་གཞིགས་ནས་ཚོད་ལྟའི་ས་ཁུལ་ལམ་ཡང་ན་ཚན་པ་དང་།ཚོད་ལྟའི་ནང་དོན།ཚོད་ལྟའི་རྩ་དོན།གདེང་འཇོག་ཚད་གཞི་བཅས་གསལ་པོ་བཟོས་ཏེ་དམ་འཛིན་ནན་པོ་བྱེད་དགོས།གསུམ་ནས་གཙོ་གནད་དང་དཀའ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་འགངས་ཆེན་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གནད་དོན།མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་བཅས་ཐག་གཅོད་བྱ་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཚད་བརྒལ་སར་བྱས་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་གསར་གཏོད་དང་།གཞི་རིམ་ཏང་འཛུགས་སྐྱོང་གི་ལམ་སྲོལ་འཐུས་ཚང་།སྲིད་གཞུང་གི་སྤྱི་ཁོག་དོ་དམ་ཆུ་ཚད་མཐོར་གཏོང་།ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་སོགས་ཐད་ཤུགས་རྒྱག་པ་དང་དངོས་ཕན་དོན་གཉེར་བྱེད་དགོས།བཞི་ནས་ལས་ཀའི་སྒྲིལ་ཤུགས་ཆེ་རུ་གཏོང་དགོས།ལྗོངས་ཏང་ཨུད་སྒྱུར་བཅོས་གཞུང་དོན་ཁང་གིས་མཐུན་སྦྱོར་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་ཆེད་དོན་ཚོགས་ཆུང་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཆེད་དོན་ཚོགས་ཆུང་ཁག་དང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དབར་རང་འགུལ་ཧུར་ཐག་ངང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།ལྔ་ནས་ཞིབ་བཤེར་ལ་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱེད་དགོས།ཆེད་དོན་ཚོགས་ཆུང་ཁག་དང་།སྣེ་ཁྲིད་སྡེ་ཚན།སྒྱུར་བཅོས་གཞུང་དོན་ཁང་བཅས་ཀྱིས་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཟོས་པའི་གཙོ་གནད་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱེད་པ་དང་འདི་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུར་དམིགས་ནས་སྐུལ་འདེད་ཞིབ་བཤེར་ལ་དམ་འཛིན་དང་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་སྒྱུར་བཅོས་ཀྱི་འཆར་འགོད་དེ་དོན་དངོས་སུ་འགྱུར་བ་བྱེད་དགོས།དྲུག་ནས་གོང་རིམ་ལ་སྙན་སེང་དང་གཤམ་རིམ་ལ་བརྒྱུད་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།ཆེད་དོན་ཚོགས་ཆུང་ཁག་དང་།ས་ཁུལ་དང་གྲོང་ཁྱེར་ཁགསྡེ་ཚན་ཁག་བཅས་ཀྱིས་ལྗོངས་ཏང་ཨུད་སྒྱུར་བཅོས་གཞུང་དོན་ཁང་ལ་སྒྱུར་བཅོས་ལས་ཀའི་ཆ་འཕྲིན་ཧུར་ཐག་ངང་སྐྱེལ་དགོས་པ་དང་།ལྗོངས་ཏང་ཨུད་སྒྱུར་བཅོས་གཞུང་དོན་ཁང་གིས་ཉམས་མྱོང་དང་བྱེད་སྟངས་ཡག་པོ་དུས་ཐོག་ཏུ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱས་ཚུལ་གོང་རིམ་ལ་སྙན་སེང་དང་གཤམ་རིམ་ལ་བརྒྱུད་བསྒྲགས་བྱེད་དགོས་པ།དྲིལ་བསྒྲགས་སྡེ་ཚན་གྱིས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་མི་ཚང་མས་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་།མི་ཚང་མ་སྒྱུར་བཅོས་ནང་ཞུགས་པ།མི་ཚང་མས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁོར་ཡུག་བཟང་པོ་སྔར་བས་སྐྲུན་དགོས་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག