མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཏན་ཏིག་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-17 18:37

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་གྲོང་ཚོ་གསར་པའི་ཏང་ཡོན་ལས་བྱེད་པས་གྲོང་ཚོ་གསར་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ནས་གྲོང་མི་དང་གྲོང་ཚོ་གསར་པ་འཛུགས་སྐྲུན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་རྒྱུའི་ཇུས་འགོད་ཆེ་མོ་མཉམ་དུ་གླེང་བ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་བ་ནས་བཟུང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་7གྱིས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་དང་།ལྟ་སྐུལ་མཛུབ་ཁྲིད་ལས་དོན་དེ་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན།རང་རྟོགས་ངང“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་བླང་བྱ་ལག་བསྟར།གནོན་ཤུགས་བརྒྱུད་སྤྲོད་ནུས་ལྡན་བཅས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པའི་དཔེ་ལྟར།ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་རང་ངོས་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོ་བྱང་ཆུབ་པོ་དགོས།ལྗོངས་ཏང་ཨུད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སློབ་སྦྱོང་ལ་ཤུགས་སྣོན་དང་སྲིད་ཇུས་ཁོང་དུ་ཆུད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བའི་གལ་ཆེའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་བརྩིས་ནས་སྔོན་ལ་སྦྱོང་བ་དང་།སྔོན་ལ་ཤེས་རྟོགས།སྔོན་ལ་ཁོང་དུ་ཆུད་པ་བཅས་བྱས་ཏེ་གཞན་གྱི་སྔོན་ལ་སྦྱོང་བ་དང་།མང་ཙམ་སྦྱོང་བ།གཏིང་ཟབ་སྦྱོང་བ་བཅས་བྱེད་ཐུབ་པ་བྱས་པ་རེད།བྱེད་སྒོ་སྤེལ་འགོ་ཚུགས་པའི་སྐབས་སུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་མི་སྣས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་ལན་ཁའོ་རྫོང་དུ་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཐད་བཏོན་པའི་བླང་བྱ་ཁྱོན་ཡོངས་ནས་སྟངས་འཛིན་ཐུབ་པ་དང།སྲིད་ཇུས་ཤེས་རྟོགས་དང་ཁ་ཕྱོགས་གསལ་སྟོན།མཛུབ་ཁྲིད་དང་ལྟ་སྐུལ་ལ་གདེང་ཚོད་ཡོད་པ་བཅས་བྱེད་ཐུབ་པ་བྱས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྱི་ས་ཁུལ་དང་གྲོང་ཨུད་ལ་དམ་པོར་བརྟེན་ནས་སློབ་གསོ་ལག་ལེན་བྱེད་སྒོར་དམ་འཛིན་བྱས་ཏེ་གནད་ལ་འཁེལ་བ་ལས་ཚད་ལས་མི་བརྒལ་བ་དང་།ལྟ་སྐུལ་མཛུབ་ཁྲིད་བྱེད་པ་ལས་བརྒྱ་ཁ་གཅིག་གཅོད་མི་བྱེད་པ།རོགས་རམ་བྱེད་པ་ལས་རྙོག་དྲ་མི་བཟོ་བ་བཅས་བྱེད་ཐུབ་པ་བྱས་པ་རེད།རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོ་སོའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་སློབ་སྦྱོང་སློབ་གསོའི་དོན་དངོས་དང་ཟུང་འབྲེལ་གྱིས་མ་དངུལ་རག་ཐབས་བྱས་ཏེ་གཞིས་རྩེ་ས་ཁུལ་གྲོ་མོ་རྫོང་དུ་གནས་པའི་དམག་དཔོན་ཀྲང་ཅིང་ཝུའུ་ཡི་བཞུགས་གནས་རྙིང་པ་ཉམས་གསོ་བྱས་ནས་དེ་གར་ཡུལ་དེ་གའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་

    དུས་མཚུངས་དཔྱད་གཞི་རང་ས་ནས་འཚོལ་བ་དང་ཉེ་སར་དྲིལ་བསྒྲགས་བྱ་རྒྱུར་སྣང་ཆེན་བྱས་ཐོག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཉེ་འགྲམ་གྱི་རྫོང(གྲོང་ཁྱེར)གི་ཉམས་མྱོང་དང་བྱ་ཐབས་བཟང་པོ་དུས་ཐོག་ཏུ་ཉེ་འཁོར་རྫོང(གྲོང་ཁྱེར)ལ་ཁྱབ་སྤེལ་བཏང་བ་རེད།རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་པོ་དང་།བྱ་ཐབས་ནན་པོ།སྒྲིག་ཁྲིམས་ནན་པོ་བཅས་མཐའ་འཁྱོངས་བྱས་ནས་ས་ཁུལ་དང་གྲོང་ཨུད་ཁག་གི་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་ཏེ་བྱེད་སྒོར་དམ་འཛིན་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་།ས་ཁུལ་དང་གྲོང་ཁྱེར་དང་།རྫོང(གྲོང་ཁྱེར་དང་ཆུས)གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུར་ལྕག་སྐུལ་བཏང་ནས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དེ་སློབ་གསོ་ཐེབས་པ་དང་བྱེད་སྒོར་དམ་འཛིན་བྱེད་པའི་ཕྱོགས་གཉིས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་པ་རེད།དེ་དང་ཆབས་ཅིག་རིམ་པ་མི་འདྲ་བ་དང་།ཁྱབ་ཁོངས་མི་འདྲ་བ།ལས་རིགས་མི་འདྲ་བ་བཅས་ཀྱི་རང་སོའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཁག་དབྱེ་ནས་ལྟ་སྐུལ་མཛུབ་ཁྲིད་ཇུས་གཞི་བཟོས་ཏེ་རིགས་དབྱེའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་རེད།རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པས་གང་འདྲ་བྱས་ཏེ་ལྷུ་ཚིགས་དང་པོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ལས་དོན་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་ཐད་ལྟ་སྐུལ་མཛུབ་ཁྲིད་ཚན་པར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་ཁག་33བཏོན་པ་དང་།བྱེད་སྒོའི་ཚན་པ་ཁག་གཅིག་གི་སློབ་སྦྱོང་རྣམ་པ་ཞན་པ་དང་སེམས་ནུས་གཅིག་ཏུ་མི་སྒྲིལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཚན་པ་14ཡི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་ལ་སྐབས་བསྟུན་ཟུར་བཤེར་དང་འཕྲལ་བཤེར་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དུས་ཐོག་ཏུ་བརྡ་ཁྱབ་བཏང་བ་མ་ཟད་དག་ཐེར་བསམ་འཆར་ཡང་བཏོན་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཕྱོགས་གཉིས་ཀར་དམ་འཛིན་དང་།ཕྱོགས་གཉིར་ཀར་འཐུས་ཤོར་མི་ཡོང་བ།ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་སྤྱོད་ཚུལ་ལེགས་སུ་བཏང་བ་བརྒྱུད་ཏང་རྩ་འཛུགས་འཛུགས་སྐྱོང་དེ་བས་སྲ་ཞིང་བརྟན་པ་དང་།སྒྱུར་བཅོས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད།མི་དམངས་ཀྱི་འཚོ་བ་དེ་བས་སྐྱིད་པ་བཅས་ཡོང་བ་བྱས་པ་རེད།བྱེད་སྒོ་སྤེལ་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་ལ་བརྟེན་ནས་དཔལ་འབྱོར་བརྟན་པོ་འཕར་བ་དང་།སྒྱུར་བཅོས་ལ་དམ་འཛིན།ཞི་མཐུན་ལ་སྐུལ་འདེད།དམངས་འཚོར་ཕན་འདོགས་པ་བཅས་གཅིག་གྱུར་ལྟ་འདོམས་དང་མཐུན་སྦྱོར་སྐུལ་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་།ལྟ་སྐུལ་མཛུབ་ཁྲིད་ལས་དོན་དེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་ཤུགས་ཆེན་དང་གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་དང་ཏང་གིས་བོད་དུ་སྲིད་འཛིན་པའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཞི་པས་ལྟ་སྐུལ་མཛུབ་ཁྲིད་ཀྱི་གཙོ་གནད་ལ་དམ་འཛིན་བྱས་ཏེ་གཅིག་གྱུར་ལྟ་འདོམས་དང་ཁྱོན་ཡོངས་ནས་ཐབས་ཇུས་འདིང་བ་དང་།ཉིང་ཁྲི་ས་ཁུལ་གྱི་མང་ཚོགས་རྨང་གཞི་ལེགས་པ་དང་།ཆོས་ལུགས་རྣམ་པ་ཟབ་མོ་མེད་པ།རང་བྱུང་ཆ་རྐྱེན་བཟང་བ།འཕེལ་རྒྱས་ཀྱི་རྟིང་ཤུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས་སློབ་གསོ་ལག་ལེན་བྱེད་སྒོ་དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་དང་།གཙོ་གནད་ཐོན་ལས་འཕེལ་རྒྱས་མགྱོགས་གཏོང་།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད།མང་ཚོགས་ཀྱི་སྣེ་ཁྲིད་དེ་ལོ་གཉིས་སྔ་སྣུར་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཚད་མངོན་འགྱུར་བཅས་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་པས་སློབ་གསོ་ལག་ལེན་བྱེད་སྒོ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་ཐུབ་ཡོད།ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དྲུག་པས་ཐོག་མཐའ་བར་གསུམ་དུ་སློབ་གསོ་ལག་ལེན་བྱེད་སྒོར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་ཟུང་འབྲེལ་བྱས་ནས་རྟག་ཏུ་བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་རྫོང་དང་ཤང་དང་དགོན་སྡེར་བསྐྱོད་དེ་མངོན་ཞིབ་ལྐོག་འདྲི་དང་དངོས་སྡོད་ལས་རེས་བྱས་པས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ལྷུ་ཚིགས་དང་པོའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་མ་ཟད་ས་ཆ་དེ་གའི་སྤྱི་ཚོགས་རྣམ་པ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ཡང་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག