མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཡུལ་སྐོར་ཕྱིར་འབུད་དང་ནང་འདྲེན་གྱིས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་བཏང་།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ  2014-07-17 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྲིན་ཕུང་ལང་ལུང་འཕྱུར་བའི་ཨ་སྔོན་དབྱངས་དང་། དག་གཙང་ཁ་བས་གཡོགས་པའི་གངས་རི་དཀར་པོ། དམིགས་བསལ་ཁྱད་ཆོས་ལྡན་པའི་དགོན་སྡེའི་འཛུགས་སྐྲུན། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་སྒྱུ་རྩལ། ཇོ་མོ་གླིང་མ་དང་ཕོ་བྲང་པོ་ཏ་ལ། ཡར་ཀླུང་གཙང་བོའི་བྲག་རུང་ཆེན་མོ། ལྷ་རི་བླ་མཚོ། གདོད་མའི་ནགས་ཚལ། དམངས་ཁྲོད་གོམས་སྲོལ་སོགས། ངོ་མཚར་སྨད་དུ་བྱུང་བའི་བོད་ལྗོངས་ཀྱི་ཡུལ་གྲུ་འདི་རུ། ས་གནས་སོ་སོར་ངོ་མཚར་གྱི་སྣང་བརྙན་ཤར་འདུག་པས། འཇིག་རྟེན་མིའི་རིགས་ཡིད་སྨོན་འཁྱོར་སའི་དག་ཞིག་ཅེས་བསྔགས་བརྗོད་བྱེད།

ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་གྲོས་ཚོགས་ཐེངས་ལྔ་བའི་སྟེང་དུ་བོད་ལྗོངས་ནི་འཛམ་གླིང་གི་ཡུལ་སྐོར་དམིགས་འབེན་ས་གནས་གལ་ཆེན་དུ་འཛུགས་སྐྱོང་བྱེད་ཅེས་བཏོན། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོར་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུའམ་སྲིད་གཞུང་གིས་ཉེ་བའི་ལོ་འགའི་རིང་དུ་རིག་གནས་སྔོག་འདོན་གཏིང་ཟབ་དང་། སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་ཆེད། ཕྱི་འབུད་དང་ནང་འདྲེན་གྱི་དྲིལ་བསྒྲགས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐུལ་འདེད་དང་། འཛམ་གླིང་གི་ཡུལ་སྐོར་དམིགས་འབེན་ས་གནས་སུ་འཛུགས་སྐྱོང་བྱེད་པར་འུར་བརྩོན་བྱས།

མི་རིགས་ཀྱི་གོམས་སྲོལ་དམིགས་སུ་ཐོན་ཞིང་། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་གྱོན་ཆས་རིག་གནས། ས་གནས་ཀྱི་ཁྱད་ཆོས་འབུད་དུ་ཐོན་པའི་ཡུལ་སྲོལ་གོམས་གཤིས། ངོ་མཚར་ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ནི་ཡུལ་སྐོར་མགྲོན་པོ་བོད་ཁུལ་དུ་ཡོང་ནས་ཡུལ་སྐོར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན།

བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་གཏོང་བ་དང་། རྒྱུན་ཆད་མེད་པར་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་གོང་འཕར་བཏང་སྟེ། དམིགས་བསལ་ཁྱད་ལྡན་རིག་གནས་སྔོག་འདོན་ཇེ་ཟབ་བཏང་སྟེ། རིག་གནས་ཡུལ་སྐོར་ཐད་ལ་སྐུལ་འདེད་གཏོང་དགོས། རིམ་བཞིན་བོད་ལྗོངས་ནི་རིག་གནས་ཡིད་འགུག་ནུས་པ་ལྡན་ཞིང་། སྐྱེས་ཁམས་ཁོར་ཡུག་སྤུས་ལེགས། སྤྱི་ཚོགས་སྤྱོད་གཙང་འཆམ་མཐུན་གྱི་ཡུལ་སྐོར་དམིགས་འབེན་ས་ཁུལ་དུ་འཛུགས་སྐྱོང་བྱས་ཏེ། འཛམ་གླིང་གི་ཡུལ་སྐོར་དམིགས་འབེན་ས་གནས་གལ་ཆེན་དུ་འཛུགས་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་འཛུགས་དགོས་ཞེས་བཏོན་པ་རེད།

མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དུས་སྟོན་སྤེལ་བ་ཡིས། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཚོང་རྟགས་བཞེགས་བསྐྲུན་བྱེད་ཐུབ་པ་མ་ཟད། རིག་རྩལ་འཁྲབ་སྟོན་དང་རིག་གནས་སྤེལ་རེས། ཡུལ་སྐོར་ལྗོངས་རྒྱུ། དཔལ་འབྱོར་མཉམ་ལས་སོགས་གོང་བུ་གཅིག་གྱུར་ཐད་ལ་ནུས་པ་ཐོན་པ་མ་ཟད། བོད་ལྗོངས་ཀྱི་དུས་སྟོན་ནང་དོན་ཕུན་སུམ་ཇེ་ཚོགས་གཏོང་བ་དང་། བོད་མི་རིགས་ལོ་རྒྱུས་ཡུན་རིང་བའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམ་སྟོན། ལྷ་མོའི་ཟློས་གར་དང་མི་རིགས་གླུ་གར། གེ་སར་སྒྲུབ་བཤད། ཐང་ག་སོགས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྩ་ཆེན་ལ་རྒྱུས་ལོན་མཁན་སྔར་ལས་ཇེ་མང་ནས་ཇེ་མང་བྱུང་ཏེ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཆེས་མཚོན་བྱེད་གཙོ་བོ་དང་ཡུལ་སྐོར་མགྲོན་པོ་ཡིད་འགུག་བྱེད་པའི་རིག་གནས་རྟགས་མཚོན་གྱི་ནུས་པའང་ལྡན་པ་རེད།

ཞབས་ཞུའི་ཆུ་ཚད་སྔར་ལས་གོང་འཕར་གཏོང་ཆེད་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་གཏོང་ཆེད། ཡུལ་སྐོར་མགྲོན་པོ་ཚོར་ཚད་གཞི་ཅན་དང་ཁྱད་ཆོས་ཅན། བརྩེ་དུང་ཅན་གྱི་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་ཆེད། ཡུལ་སྐོར་སྡེ་ཁག་རིམ་པ་སོ་སོས་མཛེས་ལྗོངས་ཁུལ་དང་མགྲོན་ཁང་སོགས་ཁེ་ལས་གཙོ་བོ་ཁག་ལ་དོ་དམ་ཇེ་དྲག་བཏང་། ཡུལ་སྐོར་སྣེ་ཁྲིད་སོགས་ཡུལ་སྐོར་ལས་སྒྲུབ་མི་སྣར་གསོ་སྦྱོང་ཇེ་དྲག་བཏང་། ཞབས་ཞུ་སྤུས་ཚད་གོང་འཕར་དང་ཚོང་རའི་སྒྲིག་གཞི་ཚད་ལྡན། ཡུལ་སྐོར་ཁོར་ཡུག་སྤུས་ལེགས་བཅས་གཏོང་བར་མཛུབ་སྟོན་དང་སྐུལ་འདེད་ནུས་པ་ཇེ་ལེགས་བཏང་ཡོད།

བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚུགས་ཀྱིས་ཁྱད་ལྡན་དང་རིམ་མཐོ། ཕུལ་བྱུང་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་སྲུང་བྱས་ནས། ཡུལ་སྐོར་སྣེ་ལེན་ཞབས་ཞུ་བདེ་འཇགས་དང་སྤུས་ལེགས། ནུས་ལྡན་བཅས་ཐོན་པ་བྱས། འབད་པ་ཆེན་མོས་ཡུལ་སྐོར་དཔལ་འབྱོར་ཡོང་འབབ་ཇེ་མཐོ་བཏང་། རྨང་གཞིའི་སྒྲིག་གཞི་སྔར་ལས་ཆ་ཚང་གཏོང་བའི་དུས་མཚུངས་སུ། ཚོང་རའི་སྒྲིག་གཞི་ཚད་ལྡན་དང་། ཡུལ་སྐོར་ནང་དོན་ཕུན་སུམ་ཇེ་ཚོགས་བཏང་བའི་ཐད་ནས་བསམ་ཚུལ་གསར་བ་དང་ཐབས་ལམ་གསར་འཚོལ་ཏེ། བོད་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། རྒྱུན་ཆད་མེད་པར་མི་གཙོ་བོར་འཛིན་པ་དང་མགྲོན་པོར་བརྩི་བཀུར་བྱེད་པའི་འདུ་ཤེས་ཇེ་དྲག་བཏང་ནས། ཞིབ་ཚགས་ཀྱི་ཆ་ནས་འགོ་བརྩམས་ཏེ། ཡུལ་སྐོར་མགྲོན་པོ་ཚོས་ཡུལ་སྐོར་བརྒྱུད་རིམ་ཁྲོད་དུ་ཞབས་ཞུ་སྤུས་ལེགས་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།

ཡུལ་སྐོར་ཚོང་ར་ལེགས་སྒྲིག་ནུས་ཚད་ཇེ་ཆེར་བཏང་ནས། ཡུལ་སྐོར་ཁོར་ཡུག་གཙང་དག་ནུས་ལྡན་བྱས། ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་དང་ཡུལ་སྐོར་ཆུ་ཐོག་བདེ་འཇགས། ཡུལ་སྐོར་ཟས་རིགས་བདེ་འཇགས། ཡུལ་སྐོར་སྡོད་ཁང་བདེ་འཇགས་སོགས་བདེ་འཇགས་འགན་ལེན་མ་ལག་ཆ་ཚང་གཏོང་རྒྱུ་གཙོར་འཛིན་དགོས། ཡུལ་སྐོར་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ནུས་ཚད་ཇེ་ཆེ་དང་། ཡུལ་སྐོར་བདེ་འཇགས་ཕྱོགས་བསྡུས་བདག་སྐྱོང་དང་བདེ་འཇགས་གནད་དོན་ཞིབ་བཤེར་ཇེ་དྲག་བཏང་སྟེ། ཡུལ་སྐོར་བདེ་འཇགས་བབ་བསྟུན་ལམ་ལུགས་ཆ་ཚང་བཙུགས། ཡུལ་སྐོར་བདེ་འཇགས་བབ་བསྟུན་ཐག་གཅོད་ནུས་པ་ཇེ་མཐོར་བཏང་སྟེ། ས་གནས་སོ་སོས་ལྷག་པར་དུ་ཡུལ་སྐོར་རྫོང་ཁག་གཙོ་བོས་ཆེད་ལས་ཡུལ་སྐོར་ཁྲིམས་འཛིན་རུ་ཁག་འཛུགས་སྐྱོང་ཇེ་མགྱོགས་བཏང་། ཚད་ཆེས་ཆེན་པོ་ནས་ཡུལ་སྐོར་མགྲོན་པོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས། རྒྱུན་ཆད་མེད་པར་ཡུལ་སྐོར་ཚོང་ར་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་དང་། ཡུལ་སྐོར་ཁྲོམ་རའི་སྒྲིག་གཞི་ཚད་ལྡན་ལས་ཀ་ཆེད་ལས་ཅན་དང་རྒྱུན་ལྡན་ཅན་དུ་བཟོས། འབད་པ་ཆེན་མོས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྱོང་བྱས།

ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་ཀྱིས་ཡུལ་སྐོར་དྲིལ་བསྒྲགས་ཚོང་འགུག་ནུས་ཚད་ཇེ་ཆེ་བཏང་ནས། ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲི་སྐྱེས་ཁམས་ཡུལ་སྐོར་ས་ཁུལ་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་། ཇོ་མོ་གླིང་མ་དང་ཡར་ཀླུང་གཙང་བོའི་བྲག་རུང་ཆེན་མོ། ལྷ་རི་བླ་མཚོ་སོགས་རྒྱལ་ཁབ་སྤྱི་གླིང་བཞེངས་བསྐྲུན་བྱས། དེ་མ་ཟད་ཞང་ཞུང་རིག་གནས་དང་ཡར་ཀླུང་རིག་གནས། ཇ་རྟའི་ཚོང་ལམ། བྱང་ཐང་གི་རི་སྐྱེས་སྲོག་ཆགས་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་མཛེས་ལྗོངས་བཏོན་ཡོད། དུས་མཚུངས་སུ་ཡུལ་སྐོར་ལས་རིགས་དང་བོད་མི་རིགས་ཀྱི་སྐྱེ་ཁམས་དང་རིག་གནས་ལ་འབྲེལ་བ་གཏིང་ཟབ་བྱས་པས། ཕུལ་བྱུང་རིག་གནས་དང་གདོད་མའི་སྐྱེ་ཁམས་ཀྱི་ཡིད་འགུག་ནུས་པ་ཕྱིར་མངོན་བྱས་ཡོད། རིམ་མཐོ་དང་ཁྱད་ལྡན། ཁྱད་འཕགས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་དེ། བོད་ལྗོངས་ཀྱི་ཡུལ་སྐོར་དྲོད་ཚད་རྒྱུན་མཐུད་ངང་ཇེ་མཐོར་བྱུང་ཡོད།

བོད་ལྗོངས་ཀྱི་ཡུལ་སྐོར་སྡེ་ཁག་གིས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་དང་འབྲེལ་ནས། ལས་རིགས་བཅོས་བསྒྱུར་གཏིང་ཟབ་དང་། ཕྱིར་འབུད་ནང་འདྲེན་གྱི་གཞི་རྩའི་བྱ་ཐབས་གཏན་ཁེལ་བྱས། ད་ལོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱིས་རྒྱ་ཁྱབ་གཏིང་ཟབ་ངང་སྐོར་སྐྱོད་ཚོང་སྐུལ་སོགས་ཀྱི་དྲིལ་བསྒྲགས་བྱ་འགུལ་དང་། མཁས་དབང་བརྒྱ་གྲངས་བཅུའི་འགྲུལ་སྐྱོད་བྱ་འགུལ་བཅས་སྤེལ་བ་བརྒྱུད་ནས། ཆ་ཚང་དང་ཕྱོགས་ཡོངས་ནས་ནང་ལོགས་ས་ཁུལ་གྱི་ཡུལ་སྐོར་མགྲོན་པོར་བོད་ལྗོངས་ཀྱི་གཏམ་རྒྱུད་བསྒྲགས་ཏེ། དབྱར་དགུན་སྟོན་དཔྱིད་དུས་ཚུགས་མི་འདྲ་བ་བཞི་ལ། རེ་རེ་བཞིན་རི་མོ་བ་བརྒྱ་དང་བརྙན་ལེན་པ་བརྒྱ། རོལ་མོ་བ་བརྒྱ། བུད་མེད་གསར་འགོད་པ། རི་འཛེག་དགའ་ཞེན་ཅན། དགོང་དྲོའི་ཚགས་པར་ཁང་བརྒྱ། དྲ་རྒྱའི་སྨྱན་སྦྱོར། ཏང་ཨུ་ཚགས་པར། ཡུལ་སྐོར་ཁང་། བརྙན་འཕྲིན་ཁང་སོགས་བོད་ལྗོངས་སུ་སྐྱོད་ནས་གཟིགས་ཞིབ་གནང་སྟེ། སྨྱན་སྦྱོར་ཐོན་ཁུངས་གཅིག་བསྡུ་དང་མི་སྣ་གྲགས་ཅན་གྱི་ནུས་པ་བཏོན། བོད་ལྗོངས་རི་མོར་འབྲི་བ་དང་གླུ་རུ་ལེན་པ། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་དྲིལ་བསྒྲགས་བྱེད་པ་བཅས་བྱས་ནས། བོད་ལྗོངས་ཀྱི་ཡུལ་སྐོར་ཁོར་ཡུག་ལེགས་པོ་བཞེངས་བསྐྲུན་བྱས་ཡོད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག