མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཡིག་ཆ་འཕྲིན་ཅན་གྱིས་བོད་ཡིག་འཛིན་སྤེལ་ལ་ནུས་པ་བླ་མེད་ཐོན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-17 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཆ་འཕྲིན་ཅན་གྱི་དུས་རབས་འདིར། རྩིས་འཁོར་དང་ཁ་པར་ནི་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཡོ་བྱད་གལ་ཆེན་དུ་གྱུར་ཡོད་པ་རེད། ས་བབ་རྙོག་འཛིང་ཆེ་ཞིང་ཆ་འཕྲིན་དང་འབྲེལ་འདྲིས་ཉུང་བའི་མདོ་དབུས་མཐོ་སྒང་གི་བོད་རིགས་གྲོགས་པོ་དག་ལ་མཚོན་ན་རྩིས་འཁོར་བཀོལ་བ་དང་དྲ་བའི་ཆ་འཕྲིན་ནི་དཔལ་འབྱོར་རིག་གནས་འཕེལ་རྒྱས་སུ་འགྲོ་བའི་གཙོ་གནད་འགངས་ཆེན་ཞིག་ཡིན་པས་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་ལྷ་ས་གྲོང་ཁྱེར་གྱི་བོད་ལྗོངས་སློབ་ཆེན་དུ་མི་ཁ་ཤས་ཀྱིས་ཆེད་དུ་འདིའི་སྐོར་གྱི་བྱ་བ་གཉེར་གྱི་ཡོད་པ་རེད།

བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ། རྩིས་འཁོར་དགེ་འོས་ཆེད་ལས་ཀྱི་ལོ་རིམ་གསུམ་པའི་སློབ་མ་བསོད་ནམས་ཚེ་སྒྲོན་གྱིས་བོད་ཡིགWindowsཕབ་ལེན་བྱས་པའི་རྩིས་འཁོར་བཀོལ་གྱིན་ཡོད་ལ་བོད་ཡིག་གཏགས་ཐབས་སྐོར་གྱི་རྒྱུ་ཆ་ལྟ་ཀློག་བྱེད་ཀྱིན་ཡོད་འདུག མ་ལག་དང་མཉེན་ཆས་འདི་དག་ཚང་མ་བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས་ཐོན་པ་དང་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་རིན་ཆེན་ནོར་བུ་ལགས་ཀྱིས་ང་ཚོར་རྒྱ་བོད་ལོ་ཙྭའི་ཡིག་སྒྱུར་སྨྱན་གཟིགས་གློག་རྡུལ་ཚིག་མཛོད་ཀྱི་བཀོལ་སྤྱོད་བྱེད་ཐབས་ཞེས་པའི་རྒྱུན་བཀོལ་མཉེན་ཆས་ཤིག་གསལ་སྟོན་བྱས་ཡོད་ལ་འདི་ནི་གློག་རྡུལ་གྱི་ཚིག་མཛོད་ཞིག་ཡིན་པ་མ་ཟད་རྒྱ་བོད་ཡིག་གཉིས་ཕན་ཚུན་ཡིག་སྒྱུར་བྱས་ཆོག་པ་དང་། རྒྱ་ཡིག་གི་ལམ་ནས་བཏོན་རྗེས་བོད་ཡིག་གིས་ཀློག་འདོན་བྱེད་ཐུབ་ལ་དཔེར་ན“吉祥如意”ཞེས་པའི་རྒྱ་ཡིག་དེ་བོད་ཡིག་གིས“扎西德勒”ཞེས་བཏོན་ཆོག་པ་རེད།

བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནི་༢༠༠༦ལོར་བཙུགས་པ་དང་ཉེ་བའི་ལོ་ངོ་བརྒྱད་ལྷག་གི་རིང་དུ་ཞིབ་འཇུག་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བླངས་ཡོད། གོང་གསལ་གྱི་ཐོན་རྫས་དག་ལས་གཞན་ད་དུང་བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་གཞུང་ལུགས་མ་ལག་བརྗེ་ལེན་ཚད་ལྡན་མ་ལག་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ཨང་སྒྲིག་ཡིག་རིགས་ཕྱོགས་སྒྲིག རྒྱ་བོད་དབྱིན་གསུམ་གྱི་སློབ་ཆས་མ་ལག་བཅས་ཡོད་པ་རེད། མིག་སྔར་གྲུབ་འབྲས་འདི་དག་ནི་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་ཁག་དང་སློབ་གྲྭ་ཆེ་འབྲིང་ཁག དུས་རྒྱུན་མི་སེར་གྱི་ཁྱིམ་གང་རུང་དུའང་འབྲལ་དུ་མི་རུང་བའི་ཡོ་བྱད་གལ་ཆེན་དུ་གྱུར་ཡོད།

ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཀྲོ་ཏུང་ཚོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཞིབ་འཇུག་ལྟེ་གནས་ཀྱི་མིག་སྔའི་གྲུབ་འབྲས་གཙོ་བོ་ནི་བོད་ཡིག་ཆ་འཕྲིན་ཐག་གཅོད་བརྗེ་ལེན་ཚད་ལྡན་མ་ལག་ཡིན་ལ། མ་ལག་འདི་བཙུགས་པ་དེས་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་གཙོ་ཁྲིད་དབང་ཆ་བཟུང་ཡོད་ལ་རྒྱལ་ཡོངས་མཉེན་ཆས་ཁེ་ལས་ཀྱི་ཐོན་རྫས་འཐུས་ཚང་དུ་འགྲོ་བར་བོད་ཡིག་གིས་རྒྱུན་འཁྱོངས་བྱེད་ཐུབ་ཡོད་ཞེས་བཤད། ཁོང་གིས་བཤད་དོན(ཆ་འཕྲིན་ལག་རྩལ་ཁྲོད་ཀྱི)དངོས་པོ་གང་ཡིན་ཡང་ཐོག་མར་ཚད་ལྡན་ཡིན་དགོས་ལ་ཚད་ལྡན་གྱི་དངོས་པོ་ཞིག་ཡིན་ན་ད་གཟོད་རང་དབང་གི་ནུས་པ་ཐོན་ཐུབ། ང་ཚོས་བོད་ཡིག་ཆ་འཕྲིན་ཐག་གཅོད་བརྗེ་ལེན་ཚད་ལྡན་མ་ལག་འདི་འཛུགས་དོན་ནི་ཕྱི་རྒྱལ་གྱི་མིའི་རྗེས་སུ་སྙེག་འདོད་པ་མིན་པར་ཕྱི་རྒྱལ་གྱི་མི་ང་ཚོའི་རྗེས་སུ་སྙེག་ཕྱིར་ཡིན། ད་ལྟ་ཕྱི་རྒྱལ་གྱི་མི་ང་ཚོའི་རྗེས་སུ་སྙེག་གིན་ཡོད་ཅེས་བཤད།

ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱི་ནུས་ལྡན་ཁ་པར་ལ་ཚད་མཐོ་བའི་འཕེལ་རྒྱས་འབྱུང་གིན་ཡོད་པ་རེད། 2013ལོར་རྒྱལ་ཡོངས་ནུས་ལྡན་ཁ་པར་གྱི་བདག་བཟུང་སྟོབས་ཤུགས་དེ་དུང་ཕྱུར5.8ལ་སླེབས་པ་རེད་ལ་འདིས་སྤོར་སྒུལ་དྲ་འབྲེལ་གྱི་རྨང་གཞི་བརྟན་པོའང་ཆགས་པ་རེད། གནས་ཚུལ་འདིའི་འོག་བོད་རིགས་མང་ཚོགས་ཡོངས་ཀྱི་ཁ་པར་ཉེར་སྤྱོད་བྱ་རིམ་གསར་བ་ཞིག་ཏུ་སླེབས་ཡོད་ལ་ལོ་འདི་གཉིས་རིང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཁ་ཕྱོགས་གཙོ་བོའང་ཚུགས་ཐུབ་ཡོད་པ་རེད།

རིན་ཆེན་ནོར་བུས་བཤད་དོན། ཞིབ་འཇུག་ལྟེ་གནས་བཙུགས་རྗེས་བོད་ཡིག་མ་ལག་གི་ཁ་པར་མང་པོ་ཞིག་གསར་དུ་བཟོས་ཡོད་ལ། ལོ་འདི་འགའི་རིང་ལྟེ་གནས་ཀྱིས་ད་དུང་བོད་ཀྱི་སྙན་ངག་དང་སྒྲུང་གཏམ། སྲོལ་རྒྱུན་གྱི་ལྷ་སྒྲུང་མང་པོའང་ཁ་པར་དཔེ་རིས་ཀྱི་ལམ་དུ་སྒྲིག་བཟོ་བྱས་ཡོད་པས་བོད་རིགས་གྲོགས་པོ་དག་གིས་ཕབ་ལེན་དང་ལྟ་ཉན་བྱས་ཆོག ༢༠༡༣ལོའི་ཟླ༡༠ནང་དུ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་གློག་འཕྲིན་གཉིས་ཀྱིས་མཉམ་སྦྲེལ་སྒོས་ཁ་པར་ཆེད་སྤྱོད་ཀྱི་“སྒྲ་ལྡན་བོད་ལུགས་ལི་ཐོ་”ཞིག་མཁོ་སྤྲོད་བྱས་ཡོད། དེ་ནི་བོད་ལུགས་ལི་ཐོ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་འཆར་ཐུབ་པ་མ་ཟད་གཅིག་མཐུན་གྱིས་བོད་སྐད་ཀྱི་སྐད་བརྡ་འཕེལ་རྒྱས་འགྲོ་བར་ནུས་པ་ཐོན་ཡོད། དེའི་སྟེང་དུ་ཞིང་ལས་དང་ཕྱུགས་ལས་ཐད་ཀྱི་ཤེས་བྱ་མང་པོ་བོད་ཡིག་གི་ལམ་ནས་བལྟ་ཐུབ་པ་མ་ཟད་རིག་གནས་ཆུ་ཚད་ཞན་པའི་འཛད་སྤྱོད་པ་དག་གིས་སྐད་བརྡའི་ལམ་ནས་ཉན་རོལ་བྱེད་ཐུབ།

རྒྱུས་ལོན་བྱས་པ་ལྟར་ན། མིག་སྔར་ཉེར་སྤྱོད་བྱ་རིམ(安卓版)ཨན་ཀྲོ་ཞེས་པ་དེ་གཅིག་པུ་ཡིན་ལ་བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་ཕབ་ལེན་ནུས་ཚད་ཁྲི༥ལས་བརྒལ་ཡོད་པ་རེད། སྤོར་སྒུལ་ཉེར་སྤྱོད་བྱ་རིམ་གསར་སྤེལ་གྱི་འགན་འཁུར་མི་སྣ་དགེ་རྒན་ཆེན་མོ་གཞོན་པ་ཀྲོ་ཏུང་ཚོན་གྱིས་བཤད་དོན། ཞིབ་འཇུག་ལྟེ་གནས་ཀྱིས་དངོས་ཡོད་ཀྱི་རྨང་གཞིའི་སྟེང་སྒེར་གྱི་རྩིས་འཁོར་མཉེན་ཆས་གསར་སྤེལ་ལ་ཤུགས་སྣོན་སྒོས་སྤོར་སྒུལ་མཉམ་འབྲེལ་དྲ་བའི་ཕྱོགས་ཀྱི་གྲུབ་འབྲས་ལ་གཙིགས་ཆེན་བྱེད་དགོས། ཁ་པར་ཉེར་སྤྱོད་བྱ་རིམ་གསར་བ་དེ་རྒྱ་ཆེའི་མང་ཚོགས་ཁྲོད་ཁྱབ་བརྡལ་འགྲོ་ཚུལ་ཧ་ཅང་མགྱོགས་པས་ཐེངས་རྗེས་མར་ང་ཚོས་སློབ་ཆུང་སློབ་དེབ་ཀྱི་སློབ་སྦྱོང་མཉེན་ཆས་ཤིག་མཁོ་འདོན་བྱེད་རྩིས་ཡོད་ལ་ད་ལྟའི་རྒྱུག་ཆེ་བའི་ཀློག་འདོན་འཕྲུལ་ཆས་ནི་ཉེར་སྤྱད་སྒྲིག་ཆས་ཀྱི་རིགས་ཤིག་ཡིན་ལ་ང་ཚོས་སློབ་དེབ་ཀྱི་པར་རིས་ཤོག་ངོས་རེ་རེ་ཁ་པར་སྟེང་བཞག་རྗེས་ཁ་པར་གྱི་སྟེང་ནས་གཅིག་མཐུན་སྒོས་པར་རིས་ཀྱི་ནང་དོན་ཀློག་འདོན་ཐུབ་པ་བྱེད་དགོས། བོད་ཡིག་ནི་སྒྲ་སྦྱོར་ཡིག་རིགས་ཡིན་སྟབས་ཚན་པ་གཅིག་བསླབ་ནས་ངེས་རྗེས་འདོན་ཀློག་ལ་དཀའ་ཁག་མེད་པར་ཆགས་ཐུབ་པ་རེད།

ཆ་འཕྲིན་ལག་རྩལ་དང་སྤོར་སྒུལ་དྲ་འབྲེལ་ཐོན་ལས་འཕེལ་རྒྱས་མྱུར་བའི་དེང་སྐབས་བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་དོན་དངོས་གཅིག་མཐུན་གྱིས་བྱ་བར་སྲུང་སྐྱོབ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས་ཏེ་ཚན་རྩལ་གྱིས་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་མཐོར་འདེགས་སུ་གཏོང་གིན་ཡོད་པས་བོད་ཡིག་ཆ་འཕྲིན་ཅན་ཞིབ་འཇུག་དང་འཛུགས་སྐྲུན་གྱི་ཐད་ནས་ཁོ་ཚོ་ནི་དུས་རབས་ཀྱི་ཡང་རྩེ་གཞན་ཞིག་ཏུ་ཆགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག