མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རུལ་རྒོལ་འཐབ་རྩོད་དུ་བོད་ལྗོངས་ལ་དམིགས་བསལ་གང་ཡང་མེད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-17 10:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཏང་ཨུས་ཆོག་མཆན་བཀོད་པ་ལྟར། ཟླ7ཚེས10ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྷ་ས་རུ“འགན་ནུས་བསྒྱུར་བ་དང་བྱེད་སྟངས་བསྒྱུར་བ། ལྟ་ཚུལ་བསྒྱུར་བ”ཞེས་པ་བརྗོད་བྱ་བྱས་ཏེ་སྒྲིག་བཤེར་ལྟ་སྐུལ་མ་ལག་བཙུགས་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་དང་སྒྲིག་ཨུད་ཧྲུའུ་ཅི་ཝང་ཡོང་ཅོན་གྱིས་ཚོགས་འདུར་གཙོ་སྐྱོང་མཛད་དེ་གཏམ་བཤད་གནང་པ་རེད།

ཝང་ཡོང་ཅོན་གྱིས་བསྟན་དོན། འགན་ནུས་བསྒྱུར་བ་དང་བྱེད་སྟངས་བསྒྱུར་བ། ལྟ་ཚུལ་བསྒྱུར་བ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་དོན་འཁྱོལ་བྱས་པ་དང་བཤོལ་ཐབས་མེད་པའི་ལྟ་སྐུལ་གྱི་འགན་འཁྲིའང་ཡིན་པས། སྔར་བཞིན་སྣེ་མང་རྙོག་འཛིང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་གདོང་གཏད་དེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྣེ་ཁྲིད་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དང་ལྟ་ཚུལ་འཛུགས་སྐྲུན་ཐད་ཀྱི་གནད་དོན་ཐག་གཅོད་ནན་མོ་བྱེད་དགོས་པ་མ་ཟད་རུལ་སུངས་ཀྱི་སྟོབས་ཤུགས་ལ་རྡུང་རྡེག་དང་ཕྱོགས་ཡོངས་ནས་རུལ་སུངས་བའི་འཇིགས་སྐུལ་མེད་པར་བཟོ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

འགན་ནུས་བསྒྱུར་བ་ནི་སྲོག་ཤིང་དང་བྱེད་སྟངས་བསྒྱུར་བ་ནི་གཙོ་གནད། ལྟ་ཚུལ་བསྒྱུར་བ་ནི་འགན་ལེན་ཡིན་པའི་བསྒྱུར་བཀོད་གསུམ་གྱི་བླང་བྱ་དོན་འཁྱོལ་ཡོང་བ་བྱེད་དགོས་ལ་འགན་ནུས་གྱི་ལམ་ཕྱོགས་གསལ་བོ་ངེས་པར་སྟོབས་ཤུགས་གཅིག་བསྡུས་ཀྱིས་ལྟ་སྐུལ་འགན་འཁྲི་ལག་བསྟར་མཐའ་འཁྱོལ་དང་བྱེད་སྟངས་ཀྱི་ཐབས་ཤེས་གསར་བ་འཛུགས་པ། ཏང་ཨུའི་འགན་འཁྲིའི་གྲུབ་ཆ་གཙོ་བོ་དོན་འཁྱོལ་བྱེད་པ། སྒྲིག་ཨུའི་སྟ་སྐུལ་འགན་འཁྲི་མཐའ་འཁྱོངས་བྱེད་པ། ཡིག་བསྐུར་ངོ་གཏུག་དང་གྱོད་དོན་ལ་དབྱེ་ཞིབ། སྐོར་ཞིབ་ལྟ་སྐུལ་གྱི་བྱ་བ་དང་འགན་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་དམ་འཛིན་དང་ལྐོག་གཡོ་ངན་ཇུས་ལ་ཞིབ་བཤེར་གསལ་བོ་བྱེད་པ། གྱོད་དོན་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་ལ་སྔོན་འགོག་བྱེད་པ། སློབ་གསོ་ནན་མོ་དང་ལྟ་སྐུལ་ནན་མོ། དོ་དམ་ནན་མོ་དང་བླང་བྱ་ནན་མོ་བཅས་བྱས་ཏེ་ཁྲིམས་འགལ་ལུགས་འགལ་གྱི་ལས་བྱེད་པར་ལྟ་རྟོག་ནན་མོ་བྱེད་དགོས།

རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ལྟ་ཞིབ་ལས་ཁུངས་དག་གིས་བསམ་བློ་དང་ལས་འགུལ་གཅིག་གྱུར་གྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུས་བླང་བྱ་བཏོན་པ་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བོད་རང་སྐྱོང་ལྗོངས་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློའི་ལམ་ཕྱོགས་འཛུགས་པ། ལྟ་སྐུལ་གྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས། འགན་འཁྲིའི་འདུ་ཤེས་དང་གསར་སྐྲུན་གྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ། བསྒྱུར་བཀོད་གསུམ་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་ཆེ་རུ་གཏོང་བ། ལས་འགན་གཙོ་བོ་གཅིག་བསྡུས་དང་འགན་ནུས་མངོན་འགྱུར་ཡོང་བ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ཧུར་ཐག་གིས་བསྒྲུབས་ཏེ་བོད་ལྗོངས་ཀྱི་ཐོལ་བརྒལ་འཕེལ་རྒྱས་དང་སྲ་བརྟན་བདེ་འཇགས་ཀྱི་ཆེད་དུ་ཕན་འབྲས་གསར་བ་མངོན་དུ་འཇུག་དགོས་ཞེས་བསྟན་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག