མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བཞིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-17 10:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ།  རོང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་ཆས་དང་ཞབས་ཞུའི་ཆུ་ཚད་ཇེ་ལེགས་སུ་འགྲོ་བཞིན་པ་དང་སྤྱི་ཚོགས་འགན་སྲུང་གི་བྱ་གཞག་ཉིན་རེར་འཐུས་ཚང་དུ་འགྲོ་བཞིན་པ་སོགས་ཀྱིས་རོང་འབྲོག་པ་མང་པོ་ཞིག་སྨན་བཅོས་འགན་སྲུང་གཟིགས་སྐྱོང་སྲིད་ཇུས་ལས་ཕན་ཁེ་ཐོབ་པ་དང་དམངས་འཚོ་ཐད་ནས་ལེགས་བཅོས་ཆེན་པོ་ཐོབ། 

པར་རིས་སྟེང་ཉེ་ལམ་སྙེ་མོ་རྫོང་གི་ཞིང་སྡེའི་སྨན་ཁང་ཞིག་ཏུ།  ལག་ཏུ་ཁྱིམ་སྤྱོད་སྨན་བཅོས་རྩིས་ཐོ་བཟུང་ཡོད་པའི་སྡེ་མི་ཞིག་གིས་རང་གི་ཆུང་མ་དང་བུ་ཕྲུག་ཁྲིད་ནས་ཞིང་སྡེའི་སྨན་ཁང་དུ་ལུས་པོར་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག