མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-15 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཉེ་ཆར་ལྷ་སར་འཚོགས་པ་དང་།ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གཅིག་གི་གྲོང་ཚོ་“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་2014ལོའི་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཅེས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ནི་ཏང་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆེས་གཞི་རིམ་གྱི་རྩ་འཛུགས་ཤིག་དང་།མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་ཁོང་དུ་ཆུད་པ་དང་ཤེས་རྟོགས་བྱེད་པའི་ཐད་ཀའི་རེག་བྱེད།ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་དམ་དུ་གཏོང་མཁན་གྱི་འབྲེལ་ཟམ།མང་ཚོགས་ལས་དོན་ཡག་པོ་བསྒྲུབ་པ་དང་།མི་སེམས་ཕྱོགས་ས་བརྩོན་ལེན།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རྩའི་ཚན་པ་ཞིག་ཡིན་པ་རེད།

ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཆེད་མངགས་དེའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་ང་ཚོས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཐོག་གཞི་རྩའི་བརྩི་སྲུང་བྱ་ཡུལ་ཡང་མཁོ་འདོན་གནང་ཡོད།

རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་ནན་ཏན་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གོ་བ་གཏིང་ཟབ་ལེན་རྒྱུ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་།“ཉམས་ཞན་གཅིག”གི་གནད་དོན་ཐག་གཅོད།གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་དགོས་གཏུགས་ཆེ་བའི་དགོས་མཁོ་ཞིག་རེད།ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་ལྟར་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་།གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགརྩ་དོན་ཁོང་དུ་ཆུད་པ་དང་གོ་རིམ་ནན་པོ་ཡོང་བ་བཅས་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་སྐྱོན་བྲལ་དང་།བརྟན་པོ།གོ་རིམ་ལྡན་པ་བཅས་སྤེལ་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་ནི་ཆབ་སྲིད་རང་བཞིན་དང་།སྲིད་ཇུས་རང་བཞིན།གོ་རིམ་རང་བཞིན་བཅས་ཧ་ཅང་ཆེ་བའི་ལས་དོན་ཞིག་དང་ཡུན་རིང་གི་ཐབས་ཇུས་ཇུས་འགོད་དང་དམངས་ལ་དོན་དངོས་ཡག་པོ་བསྒྲུབ་པའི་གོ་སྐབས་ཡག་པོ་ཞིག་ཀྱང་རེད།ཏང་གི་འགོ་ཁྲིད་དང་།གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགམི་འདེམས་ཀྱི་ཚད་གཞི།རིམ་པ་ལྟར་འགན་འཁུར་བ།ལྕག་སྐུལ་གྱི་རྩ་དོན།དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་པ།གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན།གྲོང་ཚོ་རིམ་པའི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་།ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ།ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ།གཞི་རིམ་ལས་དོན་ལ་དགའ་ཞེན།འགན་འཁུར་ཕོད་པ།ལས་ཀ་བྱེད་ཕོད་པ།ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པ་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་བཀོད་སྒྲིག་བྱེད་དགོས།བྱང་ཚད་མཐོ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་ཅིག་སྐྲུན་ནས་ཏང་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དེ་བས“མང་ཚོགས་དང་འབྲེལ་འདྲིས”ཐུབ་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་བོད་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།རྒྱུན་མཐུད་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་གྱི་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཇུག་ཏུ་ཝུའུ་དབྱིང་ཅེས་རིམ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ནང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ལ་བརྩི་བ་དང་།མང་ཚོགས་ལམ་ཕྱོགས་ལག་ལེན་དང་རིམ་ཁག་སྤྱོད་ཚུལ་ལེགས་འགྱུར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ།སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩི་བ་བཅས་བྱས་ཏེ་རིམ་ཁག་གི་འགན་འཁྲི་ཁ་གསལ་དང་།མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན།སློབ་གསོ་གསོ་སྦྱོང་ལ་དམ་འཛིན།དྲིལ་བསྒྲགས་བྱ་ཤུགས་ཆེར་གཏོང་།ལས་ཀའི་སྒྲིག་ཁྲིམས་ནན་པོ་བཅས་ཡོང་བ་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་དེ་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་།ལྗོངས་ཏང་ཨུད་བློ་བདེ་པོ་ཡོང་བ་བྱེད་པ།མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བཅས་ཀྱི་འདུ་འགོད་ཤིག་ཏུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

ལེའང་ཐེན་ཀེན་གྱིས་ཚོགས་འདུའི་ཐོག་ཚན་རིག་དང་མཐུན་པའི་ཇུས་འགོད་ལ་དོ་སྣང་བྱས་ནས་སྐབས་བརྗེའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།ཆབ་སྲིད་ཀྱི་དམིགས་ཚད་འབུར་ཐོན་དང་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་དང་བཀོད་སྒྲིག་ཡག་པོ་བྱེད་པ།ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ།གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་སྐབས་བརྗེའི་གོ་རིམ་ཡག་པོ་ཡོང་བ་དང་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་འགན་ལེན་བྱེད་པ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བཅས་བྱས་ནས་སྐབས་བརྗེའི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་ཐུབ་པ་སོགས་ཕྱོགས་ལྔའི་ཐད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག