ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་ནས་ཤེས་རྟོགས་བྱས་པར། སྔ་སྣུར་ཁེར་རྐྱང་དུ་བསྡུས་པའི་གཙོ་གནད་དངོས་གཞིའི་ཚན་ཁག་དང་སྒྱུ་རྩལ་ལུས་རྩལ་རིགས་ཀྱི་དངོས་གཞིའི་ཚན་ཁག་ཏུ་མི་221བསྡུས་པས། 2014ལོའི་ལྗོངས་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱུགས་སྤྲོད་དང་བསྡུ་ལེན་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོ་ལྗོངས་ཡོངས་ཀྱི་སྔ་སྣུར་གྱི་གཙོ་གནད་དངོས་གཞིའི་ཚན་ཁག་གི་ཁག་ཐེངས་སློབ་བསྡུའི་འཆར་གཞི་མི་334ཡོད་པ་དེའི་ནང་རིག་གནས་དང་ལོ་རྒྱུས་རིགས་134དང་།རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་200ཡོད་པར་ཁག་ཐེངས་དེའི་ནང་སློབ་གླིང་དང་སློབ་གྲྭ་བསྡོམས་30སློབ་མ་བསྡུ་བའི་ནང་ཞུགས་ཡོད་པ་རེད།
ཟླ་7ཚེས་13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པའི་བར་སྔ་སྣུར་དུ་ཁེར་རྐྱང་ངང་བསྡུས་པའི་གཙོ་གནད་དངོས་གཞིའི་ཚན་ཁག་དང་སྔ་སྣུར་ཁེར་རྐྱང་དུ་བསྡུས་པའི་སྒྱུ་རྩལ་ལུས་རྩལ་རིགས་ཀྱི་དངོས་གཞིའི་ཚན་ཁག་གིས་བསྡོམས་རྒྱུགས་འཕྲོད་པའི་ཡིག་ཚགས་416འདོན་སྤྲོད་བྱས་པར་སློབ་མ་གསར་པ་221(རིག་གནས་དང་ལོ་རྒྱུས་རིགས་ཀྱི་སློབ་མ་གསར་པ་120དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་སློབ་མ་གསར་པ་101)བསྡུས་ཡོད།སློབ་གླིང་དང་སློབ་གྲྭ་བསྡོམས་35ཡི་སློབ་བསྡུའི་ལས་དོན་མཇུག་འགྲིལ་བ་དང་སློབ་གླིང་དང་སློབ་གྲྭ་གཞན་གྱིས་ཡིག་ཚགས་ལྟ་བཞིན་ཡོད་པ་རེད།
རྒྱུགས་སྤྲོད་སློབ་མས་བོད་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གི་དྲ་ཚིགས་དང་།བོད་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གི་བློ་འདྲི་ཁང་། གློག་འཕྲིན་ཁ་པར་96833513 “བོད་ལྗོངས་སློབ་གསོ་རྒྱུགས་སྤྲོད་འདྲི་རྩད”དབྱི་ཤིན་སྤྱི་དམངས་ཨང་རྟགས་སོགས་ནས་སློབ་བསྡུའི་གནས་ཚུལ་ལྟ་ཐུབ་ཀྱི་ཡོད་པ་རེད། །