མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བསྡོམས་པས་མི་ཁྲི230ལྷག་གི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-07-14 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སུ་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཡིན་ཡང་མཐའ་མཚམས་ས་ཁུལ་སྐོར་ཞིག་ལ་དཔལ་འབྱོར་དང་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་ལས། རོང་འབྲོག་པ་མི་ཉུང་བ་ཞིག་ལ་འཐུང་ཆུ་དཀའ་བའི་གནད་དོན་ལྡན། ཆུ་འཁུར་བའི་ལམ་ཐག་རིང་བ་དང་ཆུ་མི་གཙང་བ་འཐུང་བ་ལས་རོང་འབྲོག་པའི་མང་ཚོགས་ཀྱི་འཚོ་བ་དང་བདེ་ཐང་ཆུ་ཚད་ལ་ཤུགས་རྐྱེན་བཟོས།

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2005ལོ་ནས་བཟུང་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་ལས་གཞི་ལག་བསྟར་བྱས་པའི་རིང་ལ། མིག་སྔའི་བར་དུ་རོང་འབྲོག་ཁུལ་གྱི་མང་ཚོགས་དང་ཞིང་སྡེའི་དགེ་སློབ་མི་ཁྲི239.48ལྷག་གི་ཆུ་འཐུང་དཀའ་བ་དང་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱས། ཀྲུང་དབྱང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར22.28ཆེད་དུ་བཏང་ནས་བོད་ལྗོངས་རོང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་ཐད་བེད་སྦྱོད་བྱས་ཏེ། ཞིང་སྡེའི་ཆུ་འདོན་ལས་གཞི་བསྡོམས་པས20500འཛུགས་སྐྲུན་བྱས་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཞིང་སྡེའི་འཐུང་ཆུ་བདེ་འཐགས་བྱ་བར་མཐོང་ཆེན་གནང་བཞིན་ཡོད་དེ། བོད་ལྗོངས་ཀྱིས་བསྟུད་མར་ལོ་མང་པོར་ཞིང་སྡེ་འཐུང་ཆུ་བདེ་འཇགས་ལས་གཞི་དེ“དམངས་འཚོའི་བཟོ་སྐྲུན”ཁྲོད་བཅུག་ཡོད། 2013ལོ་ཁོ་ནར་བོད་ལྗོངས་ཀྱིས་བསྡོམས་པས་རོང་འབྲོག་པ་མི་ཁྲི23.1དང་ཞིང་སྡེའི་དགེ་སློབ་མི་ཁྲི5.13གྱི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་བཅད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག