ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་བསྡོམས་རྩིས་ཅུའུ་ཡིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2013ལོར་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཡོང་སྒོ་རྐྱང་རྐྱང་སྒོར6578ལ་སླེབས་ཡོད་དེ། བསྟུད་མར་ལོ11ལ་གྲངས་གནས་གཉིས་ཀྱི་འཕར་བ་རྒྱུན་འཁྱོངས་བྱས།
བོད་ལྗོངས་ཀྱི་རོང་འབྲོག་པའི་མི་གྲངས་ལྗོངས་ཡོངས་ཀྱི་མི་གྲངས་ཀྱི80%ཡན་ཟིན་ཡོད་དེ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། རོང་འབྲོག་པའི་ཐོན་སྐྱེན་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཚོ་བ་འཕརལ་རྒྱས་བྱུང་བའི་ལས་འགན་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་ཞིང་བར་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་། གཞི་གྲངས་ལྟར་ན། ན་ནིང་བོད་ལྗོངས་ཀྱིས་བསྡོམས་པས་ཞིང་བར་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར160.5དངོས་འབེབས་བྱས།
འདས་ཟིན་པའི་ལོ་གཅིག་གི་ནང་བོད་ལྗོངས་ཀྱི“ཞིང་ཁྱིམ་དུ་བསྐྱོད་པ་བརྒྱད”(ཆུ་དང་། གློག གཞུང་ལམ། བརྡ་འཕྲིན། རྫབ་རླངས། རྒྱང་སྒྲོག་བརྙན་འཕྲིན། འཕྲིན་སྐྱེལ། ཁོར་ཡུག་ཡག་པོ་བཅས་ཞིང་ཁྱིམ་དུ་བསྐྱོད་པ)ཀྱི་བཟོ་སྐྲུན་ལས་གློག་མེད་ས་ཁུལ་གྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་ཏེ། རོང་འབྲོག་པའི་འཐུང་ཆུ་བདེ་འཇགས་གནད་དོན་ཡང་ཐག་གཅོད་བྱས་ཤིང་། སྲིད་འཛིན་གྲོང་ཚོ1000ཡི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་ལེགས་འགྲུབ་བྱུང་། དེ་མིན་དབུལ་ཕོངས་མི་གྲངས་ཁྲི12.8ཇེ་ཉུང་དུ་བཏང་སྟེ། བསྟུད་མར་ལོ8ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར280བཏང་བའི་རོང་འབྲོག་པའི་བདེ་སྡོད་བཟོ་སྐྲུན་ཡོངས་སུ་ལས་མཇུག་སྒྲིལ་པ་དང་། ལྗོངས་ཡོངས་ཀྱི་རོང་འབྲོག་པ་མི་ཁྲི230ལྷག་བདེ་འཇགས་ཡིན་ལ་སྤྱོད་བདེ་བའི་སྡོད་ཁང་དུ་འདུག་ཐུབ་པ་བྱུང་།
རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱ་བར་དམིགས་ཏེ། བོད་ལྗོངས་ཀྱིས་ད་ལོར་ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱུང་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཐོན་ལས་ཚོང་གཉེར་ཡོང་སྒོ་ཇེ་མཐོར་གཏོང་བ། རྩོལ་ནུས་དཔལ་འབྱོར་འཕེལ་རྒྱས་ཇེ་ཆེར་གཏོང་བ། ཞིང་ལས་མ་ཡིན་པའི་ཟླ་ཕོགས་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཀྱི་བསམ་འཆར་མང་པོ་བཏོན་པ་རེད། །