ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་གསར་སྐྲུན་དང་སྒྱུར་བཀོད་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་ཚོང་ཟོག་བསྡུ་འགྲེམས་དང་སྡེབ་སྐྱེལ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཟོག་འདྲེན་ལས་རིགས་གོང་འཕེལ་ཆེན་པོ་འགྲོ་ཚུལ་མངོན་པ་དེས་སྲོལ་རྒྱུན་གྱི་ཟོག་འདྲེན་བྱེད་སྟངས་འགྱུར་ལྡོག་ལ་སྐུལ་འདེད་ཐེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེབ་སྐྱེལ་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། མིག་སྔར་ལྗོངས་ཡོངས་སུ་ཚོང་དོན་ཟོག་འདྲེན་ཁེ་ལས་120ཡོད་པ་དང་། 2013ལོར་ལྗོངས་ཡོངས་སུ་ཚོང་ཟོག་འདྲེན་གཏོང་བྱེད་ཚད་ཏུན་ཁྲི་1328.07ཟིན་ནས་ལས་གཉེར་འབོར་ཚད་སྒོར་དུང་ཕྱུར་9.6ཟིན་ཞིང་། འདི་ནི་ལྷ་སའི་ཟོག་འདྲེན་ཀུང་སི་ཞིག་གི་ལས་དོན་པས་དངོས་ཟོག་འབེབས་བཞིན་པའི་གནས་ཚུལ་ཡིན་པ།