མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཙོ་གནད་ལས་གྲྭར་སྐོར་ལྟ།

མིག་སྔའི་བར་བོད་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་11.15བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-13 11:36

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ།འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྤྱིའི་དམིགས་ཚད་ལས་འགན་ལ་དམིགས་ནས་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་གསར་འབྱེད་བྱས་པས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།2014ལོར་རང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་རྣམ་གྲངས་322དང་མ་འཇོག་སྒོར་དུང་ཕྱུར་80.99བཀོད་སྒྲིག་བྱས་ཡོད་པའི་ནང་ཤར་བགྲོད་ཐུབ་པའི་རྣམ་གྲངས་179དང་མ་འཇོག་སྒོར་དུང་ཕྱུར་65.5དང་།རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་རྣམ་གྲངས་143དང་མ་འཇོག་སྒོར་དུང་ཕྱུར་15.43བཀོད་སྒྲིག་བྱས་ཡོད་པ་རེད།

    མིག་སྔའི་བར་རང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་11.15བཏང་ནས་ལོ་འཁོར་ལས་འགན་གྱི་13.77%ལེགས་སྒྲུབ་བྱས་པ་དང་།གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་སྟངས་སྤྱད་དེ་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་115བརྩོན་ལེན་བྱས་པ་དེ་དག་རྨང་བརྟན་དམངས་ཕན་གྱི་འབྱོར་འབྲིང་ལམ་བུ་འཛུགས་སྐྲུན་ཐད་སྤྱད་ཡོད་པ་རེད།2013ལོར་དངུལ་བུན་སྒོར་དུང་ཕྱུར་9.9དང་2014ལོར་དངུལ་བུན་སྒོར་དུང་ཕྱུར་19.81བཏང་ནས་རིམ་རྩིས་བརྒྱབ་ན་མིག་སྔའི་དངུལ་བུན་བཏང་ཚད་སྒོར་དུང་ཕྱུར་29.71ཟིན་པའི་ནང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཐད་དངུལ་བུན་སྒོར་དུང་ཕྱུར་24.24དང་དགོན་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་དངུལ་བུན་སྒོར་དུང་ཕྱུར་5.47བཏང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག