མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལག་གདང་སྦྲེལ་ནས་གསར་གཏོད་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་ བརྩམས་པ།

ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་དྲུག་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-13 11:36

    བོད་སྐྱོར་ལས་དོན་དེ“གཞན་རྟེན་འཕེལ་རྒྱས”ནས“རང་རྟེན་འཕེལ་རྒྱས”སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ།

    ཀུན་བཟང་མཚོ་ནི་ནག་ཆུ་ས་ཁུལ་སྙན་རོང་རྫོང་གི་སྤྱིར་བཏང་འབྲོག་པའི་ཕྲུ་གུ་ཞིག་ཡིན་པ་དང་2010ལོར་སློབ་ཆེན་ཐོན་པ་ནས་ད་བར་ཁྱིམ་དུ་ལས་ཀ་སྒུག་ནས་བསྡད་ཡོད།2012ལོར་ཧྲེན་ཧྭ་ཚོགས་པས་ཀྲུང་དབྱང་ཁེ་ལས་17ཁྲོད་སྔོན་དུ་བོད་སྐྱོར་གྱི“བརྒྱ་གཉིས་འདུ་འགོད”སྤེལ་ཏེ་སྙན་རོང་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་100ལ་སྨན་བཅོས་བྱས་པ་དང་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་100ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུའི་དོན་དེ་ཤེས་རྗེས་ཀུན་བཟང་མཚོས་ལས་ཞུགས་ཡིག་རྒྱུགས་ནང་མིང་ཐོ་བཀོད་པ་དང་ཁོང་གིས་ལས་ཞུགས་བོད་སྐྱོར་བརྒྱུད་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་མ་དང་པོ་དེར་གྱུར་ཡོད།

    ཐོག་མར་ནང་སར་སླེབས་སྐབས་སྐད་ཆ་གོ་བརྡ་མི་འཕྲོད་པ་དང་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་སྐབས་ཤིག་རིང་ཀུན་བཟང་མཚོ་ཁ་སྦུག་དོག་པོ་ཞིག་ཏུ་གྱུར།ནང་མི་དང་ལས་རོགས་ཀྱི་སྐུལ་ལྕག་འོག་ཁོང་གིས་ལས་རོགས་ཚོ་དང་རང་འགུལ་ངང་སྐད་ཆ་ཤོད་རེས་བྱས་པར་བརྟེན་ཁོང་ཚོ་དང་འབྲེལ་འདྲིས་ཐུབ་པ་བྱུང་ཞིང་།ཟ་ཁང་ནང་གི་གཅེན་པོ་དང་གཅེན་མོ་ཚོས་ཀྱང་བབ་ཆགས་པའི་བོད་རིགས་བུ་མོ་ཀུན་བཟང་མཚོ་དང་སྐད་ཆ་ཤོད་འདོད་བྱེད་ཀྱི་ཡོད།ཀུན་བཟང་མཚོའི་ཟ་འཐུང་གོམས་གཤིས་ལ་ལྟ་རྟོག་བྱ་ཆེད་ཀུང་སིས་ད་དུང་ཟ་ཁང་ལ་ཚགས་ཤ་དང་ལུག་ཤའི་ཚལ་བཟོ་དགོས་རྒྱུའི་མངགས་བྱ་བྱས།ནང་མིའི་ཐུགས་ཁུར་དང་ཀུང་སིའི་ལྟ་རྟོག་འོག་ཀུན་བཟང་མཚོའི་ལས་ཀའི་ཧུར་སེམས་འཕེལ་ནས“ངས་ངེས་པར་དུ་ལག་རྩལ་ཡག་པོ་སྦྱངས་ནས་ཚང་མའི་རེ་བ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཤད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག“ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་བཅས་ཀྱིས་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ངེས་ཅན་ཞིག་བསྡུས་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས”ཞེས་བསྟན་ཡོད།2012ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་17དང་ཀྲུང་དབྱང་བོད་སྐྱོར་ཁེ་ལས་17དང་མཉམ་དུ“ལས་ཞུགས་བོད་སྐྱོར”གྱི་རྣམ་གྲངས་ལག་བསྟར་བྱས་ནས་ལོ་ལྟར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ངེས་ཅན་ཞིག་མཁོ་འདོན་བྱས་ཡོད།རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་དུས་བབ་ཧ་ཅང་ཛ་དྲག་པའི་གནས་ཚུལ་འོག་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་བཅས་ཀྱིས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་མཉམ་ལས་བྱས་ནས་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་པས་བོད་སྐྱོར་ལས་དོན་དེ“གཞན་རྟེན་འཕེལ་རྒྱས”ནས“རང་རྟེན་འཕེལ་རྒྱས”སུ་འགྱུར་རྒྱུར་སྐུལ་མ་ཐེབས་ཡོད།

    ལས་ཞུགས་བོད་སྐྱོར་སྐོར་གྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་འབྲེལ་ཡོད་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དང་ལས་ཞུགས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱ་ཆེད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཞིང་ཆེན(གྲོང་ཁྱེར་དང་ཆུས)དང་མཐུན་སྦྱོར་བྱས་པ་བརྒྱུད་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བྱས་པ་སྟེ།ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ལོ་ལྟར་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ངེས་ཅན་ཞིག་ཞིང་ཆེན་དང་གྲོང་ཁྱེར་དེའི་ལས་གནས་ཐོག་བསྡུ་རྒྱུ་དང་།ཀྲུང་དབྱང་ཁེ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་17གྱི་གཙོ་གནད་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུ་བྱེད་པའི་ཁྲོད་ནས་ལས་ཞུགས་ལས་གནས་ངེས་ཅན་ཞིག་ལོགས་སུ་བཏོན་ཏེ་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ།ཀྲུང་དབྱང་བོད་སྐྱོར་ཁེ་ལས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་འཚམ་པའི་ལྟ་སྦྱོང་དང་ས་གནས་ས་ཐོག་གི་དངོས་སྦྱོང་རྟེན་གཞི་བཙུགས་ནས་རང་ལྗོངས་ཀྱིས་ནང་སའི་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ས་གནས་ས་ཐོག་གི་དངོས་སྦྱོང་རྟེན་གཞི་10ནས་20བར་འཛུགས་རྒྱུ།རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་འདྲ་མཉམ་གྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་པ་ཕུད་རང་ལྗོངས་ཀྱི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་ཐད་ལྟ་རྟོག་འོས་འཚམ་བྱ་རྒྱུ་བཅས་རེད།

    རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ལས་ཞུགས་བོད་སྐྱོར་གྱི་བྱེད་ཐབས་དེས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད།ལས་ཞུགས་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།2013ལོར་དྲ་ཐོག་གདན་ཞུ་དང་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ་སོགས་བརྒྱུད་ནས་ལོ་ཧྲིལ་པོར་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ལས་ཞུགས་ལས་གནས་5000ལྷག་ཙམ་མཁོ་འདོན་བྱས་པ་དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་1500ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ཐུབ་པ་བྱུང་བ་དེ་དུས་མཚུངས་ལས་15.38%འཕར་ཡོད།འདི་ལོ་ནི་ལས་ཞུགས་བོད་སྐྱོར་ལས་དོན་སྤེལ་བའི་ལོ་གསུམ་པ་དེ་ཡིན་པ་དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་3400མཁོ་འདོན་བྱེད་རྩིས་ཡོད་ཅེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག