མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལག་གདང་སྦྲེལ་ནས་གསར་གཏོད་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་ བརྩམས་པ།

ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་དྲུག་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-13 11:36

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཞའོ་གོ་ཤིན(གཡོན་གྱི་དང་པོ)གྱིས་སྤོ་བོ་རྫོང་གི་སྡོང་ཕུང་འདེབས་འཛུགས་རྟེན་གཞིར་ཡོང་ནས་ས་གནས་དེ་གའི་ཞིང་པར་སྡོང་ཕུང་འདེབས་འཛུགས་བྱེད་སྟངས་མཛུབ་ཁྲིད་བྱེད་བཞིན་ཡོད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་གྱི་བོད་རིགས་གཞོན་ནུ་མ་ཏ་ཡིས་གཞི་ཁྱོན་སྨི་གྲུ་བཞི་མ་500ལྷག་ཙམ་ཟིན་པའི་རང་ཁྱིམ་གྱི་སྡོང་ཕུང་ལ་བལྟ་བཞིན་དུ“ན་ནིང་སྡོང་ཕུང་བཏབ་པར་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་དང་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་5ལྷག་ཙམ་རག་པས་གྲོ་དང་ནས་འདེབས་པ་ལས་ཁེ་བཟང་ལྡབ་བཅུ་ཙམ་མང་བ་འདུགད་ལོ་འདེབས་འཛུགས་གཞི་ཁྱོན་སྨི་གྲུ་བཞི་མ་ལྔ་བཅུ་དྲུག་ཅུ་མང་དུ་གཏོང་རྩིས་ཡོད”ཅེས་བཤད།

    བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་རི་གཟར་གྲོག་རོང་ཁྲོད་ཡར་ཀླུང་གཙང་པོ་དང་ཉང་ཆུ་ལང་ལོང་དུ་རྒྱུག་པ་དང་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཡིན་པའི་ཉིང་ཁྲིར་ནགས་ཚལ་སྟུག་པོ་དང་ཀླུང་ཐང་ཁོད་སྙོམས་ཐོག་རྣང་མ་འཕྲེད་གཞུང་དུ་ཁྱབ།ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལས་ཇ་དང་།ཀོ་ཤ།སྡོང་ཕུང་སོགས་ཟུར་སྣོན་རིན་ཐང་མཐོ་བའི་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་བྱེད་པར་ཆ་རྐྱེན་ཡག་པོ་ཞིག་བྱུང་ཡོད།

    ཁ་གཏད་རྒྱབ་སྐྱོར་བྱེད་མཁན་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ས་གནས་དེ་གའི་གནམ་གཤིས་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བོད་སྐྱོར་ལས་དོན་གྱི་མ་དངུལ་དང་རྣམ་གྲངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་།ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་བོད་སྐྱོར་ལས་བྱེད་པའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་།ཁྲོམ་རའི་ལམ་སྲོལ་ནང་འདྲེན་བྱེད་པ།འབྲེལ་བ་འཛུགས་པ།ཚོང་འགུགས་མ་འདྲེན་བཅས་བྱས་ཏེ་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་ཐོག་ནས་ནང་སའི་ཁེ་ལས་བོད་དུ་མ་འཇོག་འཕེལ་རྒྱས་གཏོང་བ་དང་རྣམ་གྲངས་འབྲེལ་མཐུད་དང་མཉམ་ལས་བྱེད་པར་ཡོང་བར་སྒུག་ཐབས་བྱེད་ཀྱི་ཡོད་པ་རེད།ཁོང་ཚོས་ཕྱོགས་གཅིག་ནས་ས་གནས་དེ་གའི་ཞིང་འབྲོག་པའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བར་སྣེ་ཁྲིད་བྱས་པས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་།རང་ངོས་ཀྱི་འཕེལ་རྒྱས་ནུས་པའང་ཆེ་རུ་ཕྱིན་པ་དང་།ཕྱོགས་གཞན་ཞིག་ནས་མ་འཇོག་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་རག་པས་མཉམ་ལས་གཉིས་ཁེའི་བོད་སྐྱོར་གྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་པ་རེད།

    ཁ་གཏད་བོད་སྐྱོར་བྱས་ནས་ལོ་20ཡི་རིང་བོད་སྐྱོར་ལས་བྱེད་པ་ཁག་མང་པོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ནང་ས་དང་བོད་དབར་སྔར་བས་རྒྱ་ཁྱབ་ཆེ་བ་དང་།སྔར་བས་ཁྱབ་ཁོངས་མང་བ།སྔར་བས་རིམ་པ་མཐོ་བ་བཅས་ཀྱི་ཐོག་ནས་སྤེལ་རེས་དང་མཉམ་ལས་བྱེད་པ་དེ་ཤེས་ལྡན་པ་དང་།ལག་རྩལ།རིག་གནས།ཐོན་ལས་བཅས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པ་རེད།རོགས་སྐྱོར་དང་ལེན་ས་ཁུལ་གྱི་སྲིད་ཇུས་ཀྱི་ལེགས་ཆ་དང་།ཐོན་ཁུངས་ཀྱི་ལེགས་ཆ།རྗེས་འཕེལ་གྱི་ལེགས་ཆ་བཅས་དེ་ཁ་གཏད་རོགས་སྐྱོར་བྱེད་མཁན་ས་ཁུལ་གྱི་ཤེས་ལྡན་པ་དང་།མ་དངུལ།ལག་རྩལ།ཁྲོམ་ར་བཅས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གང་ལེགས་བྱས་པས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་བོད་སྐྱོར་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་ལེའུ་གསར་པ་ཞིག་ཀྱང་བརྩམས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག